བདེ་ཆེན་ཁུལ་གྱིས་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྩོམ་པ་པོ།   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།   ཡིག་བསྒྱུར།       དུས་ཚོད།   2023-02-10   རྩོམ་ཁུངས།   

    2022ལོར། རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཆུ་གྲོན་ཆུང་བྱེད་རྒྱུ་སྔོན་ལ་འཇོག་པ། བར་སྟོང་དོ་མཉམ་བྱེད་པ། རྒྱུད་ཁོངས་བཅོས་སྐྱོང་བྱེད་པ། ལག་པ་གཉིས་ཀྱིས་ཤུགས་རྒྱག་པ་ཞེས་པའི་ཆུ་བཅོས་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆུ་བེད་ལས་གྲྭའི་ཞན་ཆ་གསབ་པ་དང་། ཆུ་བེད་ལས་རིགས་ལ་ལྟ་སྐུལ་དོ་དམ་ཤུགས་ཆེར་གཏོང་བ་ཞེས་པའི་ཆུ་བེད་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྤྱིའི་གཞི་གདངས་ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཆུའི་བདེ་འཇགས་འགན་ལེན་ནུས་ལྡན་བཏོན་ཡོད།


    2022ལོར། བདེ་ཆེན་ཁུལ་གྱིས་མ་དངུལ་བརྩོན་ལེན་ཧུར་ཐག་བྱེད་པ་དང་དུས་འགོའི་ལས་དོན་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་བརྒྱུད་ཆུ་བེད་རྣམ་གྲངས་ཁྱོན་35ལ་སྐུལ་འདེད་བཏང་བ་དང་།དེའི་ནང་མཐུད་སྐྲུན་རྣམ་གྲངས་16དང་རྣམ་གྲངས་19གསར་དུ་ལས་འགོ་ཚུགས་པ་དང་ཆུ་བེད་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་18.05བཏང་བ་རེད།

    ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་གྱིས་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུ་ཁོངས་དང་མཚོ་ངོགས་དོ་དམ། ཆུའི་ཁོར་ཡུག་བཅོས་སྐྱོང་།ཆུའི་སྣོད་བཅུད་སླར་གསོ།  ཁྲིམས་འཛིན་ལྟ་སྐུལ་དོ་དམ་སོགས་གཙང་པོ་དང་མཚེའུ་སྲུང་སྐྱོང་བྱ་ཐབས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཆུ་ལམ་གྱི་ཆུ་ལོག་ལ་མངོན་གསལ་དོད་པའི་གནད་དོན་དང་འགྲམ་རྒྱུད་ཀྱི་གནད་དོན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས་ཆུ་ལམ་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་བཏང་ཡོད།

    2022ལོར། པེ་ཧྲུའེ་ཆུ་བོ་དང་། འབྲུག་པའི་ལུང་ཆུ་བོ། ཡུང་ཁྲུན་ཆུ་བོ། འབའ་གྲུ་ཆུ་བོ། ལི་ཏི་ཕིན་ཆུ་བོ་བཅས་ཞིང་ཆེན་རིམ་པའི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་ལ་རེ་ཞུ་བྱས་པ་དང་།ཧུར་བརྩོན་ཆེན་པོས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆུ་བེད་ཀྱི་གེགས་སེལ་མ་དངུལ་བརྩོན་ལེན་བྱས་ནས་འགྱིག་མདོང་སྨི་37300དང་ཨར་འདམ་ཏུན་170སྤྲད་དེ་ནུས་ཤུགས་ཡོད་རྒུས་འཕྲལ་སྡོམ་ཆུ་མཁོ་འདོན་དང་ཆུ་བེད་ལས་གྲྭའི་ཆུས་གཏོར་སྐྱོན་ཕོག་པའི་ཉམས་གསོའི་ལས་དོན་ཡག་པོ་བསྒྲུབས་ཡོད།

    2023ལོར།བདེ་ཆེན་ཁུལ་གྱིས་རྣམ་གྲངས་གལ་ཆེན་འཆར་འགོད་མགྱོགས་སུ་གཏོང་བ་དང་། ཆུ་བེད་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆུ་བེད་ཀྱི་གཙོ་གནད་རྣམ་གྲངས་30ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་པར་ཆུ་བེད་ཀྱི་སྟོབས་ཤུགས་དང་ཆུ་བེད་ཀྱི་ལེགས་སྐྱེས་འབུལ་རྒྱུ་རེད།