རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-14   རྩོམ་ཁུངས།    མི་དམངས་དྲ་བ།
མིས་བཟོས་རིག་ནུས་ཀྱི་གླེང་མོལ་བྱ་རིམChatGPTཉེ་ཆར་གླེང་ཚ་ཤོས་སུ་གྱུར་ཡོད། ཚན་རྩལ་ལས་རིགས་དང་མ་འཇོག་ལས་རིགས། དེ་ནས་མི་སྒེར་འཛད་སྤྱོད་པའི་བར་ཚང་མས་མིས་བཟོས་རིག་ནུས་ཀྱི་རླབས་རྒྱུན་གསར་པ་འདི་གླེང་བཞིན་ཡོད།ཉེ་ཆར།ཁྱབ་ཁོངས་དེར་གསར་འགྱུར་གསར་པ་གང་དག་ཡོད་དམ།
CNBCཅང་ཡུས་ཀྱིས། ཚན་རྩལ་ཁེ་ལས་ཀྱི་མིས་བཟོས་རིག་ནུས་“དམག་གྲབས་འགྲན་རྩོད་”ད་དུང་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད། ས་གནས་དེ་གའི་དུས་ཚོད་གཟའ་མིག་དམར་དང་གཟའ་ལྷག་པའི་ཉིན། ཝེ་རོན་དང་ཀུའུ་གྷོ་གཉིས་ཀྱིས་སྔ་རྗེས་སུ་AIབཤེར་འཚོལ་ལག་རྩལ་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
ས་གནས་དེ་གའི་གཟའ་མིག་དམར་ཉིན། ཝེ་རོན་གྱིས་ChatGPTཡི་གསར་སྤེལ་མཁན་OpenAIདང་མཉམ་ལས་བྱས་པ་བརྒྱུད། ཝེ་རོན་གྱིས་སྔོན་ཐོན་གྱི་AIསྐད་ཆ་ཤོད་རེས་ཀྱི་དཔེ་དབྱིབས་དེ་རང་ངོས་ཀྱི་པི་ཡིང་འཚོལ་བཤེར་མ་ལག་དང་Edgeབཤེར་ཆས་ལ་འཇུག་རྒྱུ་བསྒྲགས། ཝེ་རོན་གྱི་CEOཡིས། མིས་བཟོས་རིག་ནུས་ཀྱིས་སྐུལ་བའི་འཚོལ་ཞིབ་ནི་ཁོང་གིས་ལོ་དགུའི་རིང་ལ་ཀུང་སི་དོ་དམ་བྱས་རིང་བྱུང་བའི་དོན་རྐྱེན་ཆེ་ཤོས་དེ་རེད་བརྗོད།