རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྲང་ལམ་གྱི་ལམ་མདོ་ཁག་ཏུ་གློག་དམར་པོ་བཀར་བའི་སྐབས་སུ་ལམ་འགྲོ་བས་གོ་རིམ་ལྡན་པའི་ངང་སྒུག་པ་དང་། ཁྲ་ཐིག་གི་མདུན་དུ་རླངས་འཁོར་གྱིས་ལམ་འགྲོ་བ་འགྲོ་རུ་འཇུག་པ། སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་ཁ་ལོ་བས་གུས་ཞབས་ལྡན་པའི་ངང་ལག་པ་གཡུག་སྟེ་རྒན་པ་དང་བྱིས་པ་སྔོན་ལ་རླངས་འཁོར་ནས་ཡར་འབུད་མར་བབས་སུ་བཅུག སེམས་རྩ་འཁོལ་བའི་གྲོང་མིའི་རང་འགུལ་བྱ་སྤྱོད་ནས་ཏང་ཡོན་དང་བླངས་པ་དང་། བུད་མེད་དང་བླངས་པ། གཞོན་ནུ་དང་བླངས་པ་སོགས་ཀྱི་བར། བྱ་སྤྱོད་དངོས་ནས་གྲོང་ཁྱེར་ཧྲིལ་པོར་དྲོ་སྐྱིད་སྦྱིན་བཞིན་ཡོད།
རིག་གནས་ཁང་དང་དཔེ་མཛོད་ཁང་སོགས་སྤྱི་པའི་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་453སྔ་རྗེས་སུ་བསྐྲུན་པ། དམངས་ཕན་རིག་གནས་འཁྲབ་སྟོན་ཐེངས་330ལྷག་བྱས་ཏེ་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ནས་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད། “འགལ་བ་གཉིས”ཀྱི་ཨར་སྐྲུན་སྨི་གྲུ་བཞི་མ་ཁྲི་4ལྷག་ཙམ་བཤིག་པ་དང་། སྡོད་ཁུལ་135ཡི་ཕྱོགས་བསྡུས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།གད་སྙིགས་གཙང་སེལ་སྒྲིག་བཀོད་6820བསྐྲུན་པ། སྲིད་འཛིན་གྲོང་ཚོ་དང་གྲོང་མིའི་ཚོ་ཆུང་གི་སྤྱི་པའི་གསང་སྤྱོད་ཁང་300དང་དུད་ཚང་གི་གསང་སྤྱོད་ཁང་ཁྲི་2.15གསར་སྐྲུན་བྱས་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་ནུས་ལྡན་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་ཆེན་རིམ་པའི་སྣོད་བཅུད་དཔལ་ཡོན་ཤང་གྲོང་11དང་ཁུལ་རིམ་པའི་སྣོད་བཅུད་དཔལ་ཡོན་གྲོང་ཚོ་51 ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཚོ་10བཅས་བཏོད་པ་དང་།མཁའ་རླུང་སྤུས་ཚད་ནུས་ལྡན་གྱི་ཉིན་གྲངས་ལེགས་ཚད་100%ཟིན་པ།རྒྱལ་ཁབ་ཀྱི་ཚོད་འཛིན་བཅད་ངོས་ཀྱི་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད་100%ཟིན་ཡོད། གནམ་སྔོན་པོ་དང་། ཆུ་དྭངས་མོ། མཁའ་དབུགས་གཙང་བ་སོགས་ནི་སེམས་ཀྱི་ཉི་ཟླའི་གསེར་ཡིག་གི་སྒོ་བྱང་དུ་གྱུར་ཡོད།