སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མི་རིགས་གླུ་གར་འཁྲབ་སྟོན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་20ཉིན་གྱི་ཕྱི་དྲོར།  2023ལོའི་བོད་ཆུ་མོ་ཡོས་ལོའི་ལོ་གསར་གྱི་ང་ཚོའི་ཀྲུང་གོའི་ཕུགས་འདུན——རིག་གནས་དུད་ཚང་ཁྲི་ལ་ཞུགས་ཞེས་པ་དང་བོད་ལོ་སར་གྱི་དམངས་སྲོལ་རིག་གནས་བྱེད་སྒོ་སྟེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་གླུ་གར་འཁྲབ་སྟོན་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤེལ།

图片
图片
图片
图片
图片
        བྱེད་སྒོ་ནི་《རྒྱལ་ཐང་སྐོར་བྲོ》ནས་འགོ་ཚུགས་པ་དང་།  དེ་ནས་《སྤང་རྒྱན་མེ་ཏོག》《འཛོམས་བྲོ》《ཨ་ཁ་པཱ་ལ》《རལ་པ་ཞབས་བྲོ》《ཚོང་དཔོན་ཨ་བོ》《སྐད་ཚགས་སྐོར་བྲོ》སོགས་སྲོལ་རྒྱུན་གྱི་ཞབས་བྲོ་དང་མི་རིགས་གླུ་དབྱངས་རེས་མོས་འཁྲབ་སྟོན་བྱས་པས་ཡུལ་དངོས་ཀྱི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།