བོད་ལོ་གསར་སྐབས་བདེ་ཆེན་དུ་ཡུལ་སྐོར་བ་མང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།བདེ་ཆེན་གྱི་ག་ས་ག་ལ་ལོ་སར་གྱི་རྣམ་པ་ཟབ་པས།མཛེས་ལྗོངས་ཁུལ་སོ་སོར་ཡུལ་སྐོར་བ་ཡང་སྔ་ལས་མང་བ།

图片
图片
图片
图片
        ཟླ་2པའི་ཚེས་21ཉིན།སུམ་རྩེན་གླིང་ལྗོངས་ཁུལ་གྱི་འཛུལ་སྒོའི་འགྲམ་ནས་ཡུལ་སྐོར་བས་གྲལ་རིང་པོ་བསྒྲིགས་ཏེ།བརྗིད་ཉམས་ལྡན་པའི་ལྗོངས་ཁུལ་ལ་ལྟ་བར་སྒུག་ཡོད། ཉིན་ཤས་བསྟུད་མར།སུམ་རྩེན་གླིང་ལྗོངས་ཁུལ་གྱིས་ཉིན་བཞིན་ཡུལ་སྐོར་བ་2200སྣེ་ལེན་བྱས་ཡོད་དེ།ན་ནིང་གི་དུས་མཉམ་ལས་300﹪བ།
图片
图片
        ཟླ་2པའི་ཚེས་20ཉིན།རྡོ་མཁར་རྫོང་དུ་ཡུལ་སྐོར་བས་མ་ཎི་སྐོར་བ།པར་ལེན་པ་དང་ས་གནས་དེ་གའི་ཞིམ་ཟས་རོལ་ཡོད།གཞན་ཡང་ཟླ་འོད་ཐང་ཆེན་དུ་བོད་ལོ་གསར་གྱི་རིག་རྩལ་འཁྲབ་སྟོན་འཕྲད་པས།ཡུལ་སྐོར་བས་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་གླུ་ལེན་གར་འཁྲབ་ནས་དགའ་སྟོན་བྱས།ཉིན་དེ་ལ་རྡོ་མཁར་རྫོང་གིས་ཡུལ་སྐོར་བ་མི་ཐེངས་18147སྣེ་ལེན་བྱས་ཡོད།