བོད་ལོ་གསར་སྐབས་ཁྱད་ལྡན་བྱེད་སྒོས་ཡུལ་སྐོར་བའི་ཡིག་དབང་བཀུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བོད་ཀྱི་ལོ་གསར་སྐབས་སུ། བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པའི་ཐོན་རྫས་གསར་པ་དང་ལས་རྣམ་གསར་པ་དེ་ཡུལ་སྐོར་བའི་ཤིན་ཏུ་དགའ་བསུ་ཐོབ་པ་རེད།
图片
        ཟླ་2པའི་ཚེས་20ཉིན་ནས་ཚེས་22ཉིན་གྱི་བར། པོ་ཏ་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་6039སྣེ་ལེན་བྱས་པ་དང་། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་9565སྣེ་ལེན་བྱས་པ། སྨན་རི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་1261སྣེ་ལེན་བྱས་པ། ཆུ་དཀར་ཆུ་ནག་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་784སྣེ་ལེན་བྱས་པ། ཏན་སྤྲེའུ་སྤུ་སེར་སྤྱི་གླིང་གིས་ཡུལ་སྐོར་བ་136སྣེ་ལེན་བྱས་པ། རིག་གནས་དངོས་མང་བཤམས་སྟོན་ལྟེ་གནས་ཀྱིས་ཡུལ་སྐོར་བ་1680སྣེ་ལེན་བྱས་པ། རྡོ་མཁར་རྫོང་གིས་ཡུལ་སྐོར་བ་54187སྣེ་ལེན་བྱས་པ། སུམ་རྩེན་གླིང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་7408སྣེ་ལེན་བྱས་པ་རེད།
图片
图片
        ལྗོངས་ཁུལ་སོ་སོས་སྲོལ་རྒྱུན་ལྟ་སྐོར་གྱི་རྨང་གཞིའི་ཐོག་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་བཏོན་པའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་མཉམ་འཛོམས་བྱེད་ཞེས་པའི་འཆམ་མཐུན་གྱི་བདེ་ཆེན། བདེ་སྐྱིད་ཀྱི་ལོ་གསར་ཞེས་པའི་རིག་རྩལ་འཁྲབ་སྟོན་དང་དགའ་སྤྲོ་ལྡན་པའི་ཤམ་བྷ་ལའི་ཕྲེང་ལྟར་འཁྲབ་སྟོན། གཞས་དང་སྐོར་བྲོ། ཨ་ཁྲི་མུའུ་ཀྭ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་འཁོར་རྒྱུག་འཁྲབ་སྟོན། རང་ཡུལ་གྱི་གླུ་བས་གླུ་དབྱངས་ནས་ཕ་ཡུལ་བསྟོད་པའི་གླུ་གཞས་དགོང་ཚོགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཐང་ཆེན་སྐོར་བྲོ་དང་མེ་ཕུང་དགོང་ཚོགས། འབའ་ལུང་རྫོང་གིས་བཏོན་པའི་མཐའ་ཆུའི་རལ་པ་དང་སྲོལ་རྒྱུན་མདའ་འཕེན། བོད་གཞས་ཀྱི་སྤྲོ་ཚོགས། འཇོལ་རྫོང་གིས་བཏོན་པའི་བསང་གཏོང་ནས་སྨོན་ལམ་འདེབས་པ། གཞས་འཁྲབ་པ། སྲོལ་རྒྱུན་གྱི་མདའ་འཕེལ་འགྲན་བསྡུར་སོགས་ཁྱད་ལྡན་བྱེད་སྒོ་སྣ་ཚོགས་ཀྱིས་ཡུལ་སྐོར་བའི་ཡིག་དབང་བཀུག་ཡོད་པ་རེད།