ཁ་པར་འདི་ངེས་པར་དུ་ལེན་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-24   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

 ཉིན་ཤས་གོང་། ཀོང་ཏུང་ཧྥུའུ་ཧྲན་ཧྲུན་ཏེ་ཡི་བུད་མེད་ཀྲང་ཆེ་གེ་མོས་གྲོགས་འབྲེལ་དྲ་ཚིགས་བརྒྱུད་དེ་སྐྱེས་པ་ཞིག་ངོ་ཤེས་ཤིང་། སྐྱེས་པ་དེས་ཁོ་རང་ཕྱི་རྒྱལ་གྱི་གཞི་གྲངས་དབྱེ་ཞིབ་པ་ཞིག་ཡིན་ཞེས་བཤད་དེ། བུད་མེད་ཀྲང་ཆེ་གེ་མོར་མ་རྐང་འཇོག་པའི་དྲ་ཚིགས་ག་གེ་མོར་ཐོ་འགོད་བྱས་ཏེ་མ་རྐང་འཇོག་རྒྱུར་བསླུ་བྲིད་བཏང་།
    བུད་མེད་ཀྲང་ཆེ་གེ་མོར་ཐེངས་རེ་འགར་ཁེ་ཕན་ཐོབ་རྗེས་དྲ་ཚིགས་དེ་ལ་ཡིད་ཆེས་ཡོད་པར་གྱུར་ཅིང་། ཟླ་ཕྱེད་ཙམ་དུ་མོས་གཅིག་རྗེས་གཉིས་མཐུད་ངང་སྒོར་ཁྲི122མ་རྐང་དུ་བཞག

图片

    བུད་མེད་ཀྲང་ཆེ་གེ་མོ་གཡོ་འོག་ཏུ་ཚུད་པ་ཤེས་རྗེས། གཡོ་རྫུན་འགོག་རྒོལ་བྱེད་པའི་ཆེད་ལས་རུ་ཁག་གིས་བུད་མེད་ཀྲང་ཆེ་གེ་མོར96110བརྒྱུད་དེ་ཁ་པར་ཐེངས་མང་པོར་བཏང་ནས་མ་རྐང་མཚམས་འཇོག་རྒྱུའི་རེ་བ་བཏོན་མོད། འོན་ཀྱང་བུད་མེད་ཀྲང་ཆེ་གེ་མོས་ཡང་མིན་ན་ཁ་པར་མི་ལེན་པ་དང་། ཡང་མིན་ན་ཁ་པར་བླངས་རྗེས་རང་ཉིད་ཕྱི་རུ་ཡོད་པར་ཁ་གཡར་ནས་དང་ལེན་མ་བྱས། མཇུག་མཐར་དྲ་ཚིགས་དེ་ནས་དངུལ་ཕྱིར་ལེན་མི་ཐུབ་པ་ཤེས་རྗེས་ད་གཟོད་རང་ཉིད་གཡོ་འོག་ཏུ་ཚུད་པ་ཤེས།
རྒྱལ་ཁབ་ཀྱི་གཡོ་རྫུན་འགོག་རྒོལ་བྱེད་པའི་ལྟེ་གནས་ཀྱི་དྲན་སྐུལ།
    96110ནི་སྤྱི་བདེ་སྡེ་ཁག་གིས་གཡོ་རྫུན་འགོག་རྒོལ་བྱེད་པའི་ཆེད་དམིགས་ཁ་པར་ཡིན་པས་ངེས་པར་ལེན་དགོས་ལ། མིག་སྔར་དེ་ལ་ཞབས་ཕྱིའི་བྱེད་ནུས་ཆེན་པོ་གསུམ་ཡོད་དེ།
    གཅིག བཀའ་སྡོམ་བསླབ་བྱ།
    96110ཁ་པར་འབྱོར་བ་ནི་གྲོང་མིའམ་ཡང་ན་ཁྱིམ་མི་རྣམས་ཆ་འཕྲིན་དྲ་རྒྱའི་གཡོ་རྫུན་དང་ཡང་ན་གཡོ་འོག་ཏུ་ཚུད་ཉེན་ཆེ་བའི་མི་ཚོགས་སུ་གཏོགས་པ་མཚོན་ཡོད།
    གཉིས། འདྲི་རྟོག
    གྲོང་མི་རྣམས་ཆ་འཕྲིན་དྲ་རྒྱའི་གཡོ་རྫུན་གྱི་དོགས་ཡོད་ཁ་པར་འབྱོར་རྗེས་ཁ་པར་བཏང་ནས་འདྲི་རྩད་བྱ་ཆོག
    གསུམ། ཐེར་འདོན་གོང་ཞུ།
    གྲོང་མི་རྣམས་ཀྱིས་གལ་ཏེ་ཆ་འཕྲིན་དྲ་རྒྱ་དང་འབྲེལ་བའི་གཡོ་རྫུན་སྐོར་གྱི་ཁྲིམས་འགལ་གནས་ཚུལ་ཤེས་རྗེས་ཆེད་དམིགས་ཁ་པར་བརྒྱུད་དེ་ཐེར་འདོན་གོང་ཞུ་བྱ་ཆོག་པ་བཅས་སོ། ། 
    མཐོང་ཆེན་བྱ་དགོས་པ་ཞིག་ནི96110གི་ཆེད་དམིགས་ཨང་གྲངས་དེར་རྒྱལ་ཁབ་བཟོ་ལས་ཆ་འཕྲིན་པུའུ་ཡིས་སྲུང་སྐྱོང་བྱེད་བཞིན་ཡོད་པས་མགོ་སྐོར་གཏོང་མཁན་གྱིས་བསྒྱུར་བ་གཏོང་མི་ཐུབ། ཁ་པར་འབྱོར་སྐབས96110དང་ཡང་ན་ས་གནས་ཁོངས་གཏོགས་ཀྱི་ཨང་གྲངས+96110ཤར་ཡོད་ཚེ། ས་ཁུལ་གྱི་ཨང་གྲངས་བསྣོན་དགོས་པར་མ་ཟད། མགོ་གཞུག་ཏུ་ཨང་གྲངས་གཞན་པ་དང་བརྡ་རྟགས་སོགས་ཅི་ཡང་མེད་པས་ཚང་མས་དབྱེ་འབྱེད་བྱ་ཐུབ་དགོས།