རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ2པའི་ཚེས16ཉིན། ལི་ཐང་རྫོང་ལས་ཞུགས་ཅུའུ་ཡིས་གེ་སར་ཐང་ཆེན་དུ“དཔྱིད་རླུང་དྲོད་ཁོལ་སྦྱིན་པའི་ལས་ཞུགས”བརྗོད་གཞི་གཙོ་བོར་བཟུང་ནས། རྫོང་བཟོ་ཚོགས་དང་མཉམ་འབྲེལ་གྱིས2023ལོའི“དཔྱིད་རླུང་འགུལ་སྐྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི”བྱ་འགུལ་སྤེལ།
བྱ་འགུལ་མ་སྤེལ་སྔོན་དུ་རྫོང་ལས་ཞུགས་ཅུའུ་ཡིས་ལས་མི་བཀོལ་སྤྱོད་ཁེ་ལས་དང་གནད་ཁེལ་སྦྲེལ་མཐུད་དང་། ལས་གནས་གདམ་གསེས་བྱས་ནས་སྤུས་ཚད་དང་ལས་གནས་སྤུས་ལེགས་འགན་སྲུང་། ལས་མི་བཀོལ་སྤྱོད་བདེ་འཇགས་འགན་སྲུང་བཅས་བྱས། དུས་མགོའི་ལས་དོན་གྲ་སྒྲིག་ཁྲོད་རྫོང་ལས་ཞུགས་ཅུའུ་ཡིས་ཧུར་ཐག་གིས་ཆན་ཐང་ཆུས་དང་ཞིན་ཏུའུ་ཆུས། ཅིན་ཐང་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་དང་སྦྲེལ་མཐུད་གང་ལེགས་བྱས་ནས་ལས་ཞུགས་ལས་གནས་འཚོལ་བསྡུ་བྱས་ཤིང་། བསྡོམས་པས་ཁེ་ལས30ལྷག་གིས་ལས་གནས2000མཁོ་སྤྲོད་བྱས་པའི་ཁྲོད་སྒྲིག་བཀོལ་མི་སྣ་དང་། མྱུར་སྐྱེལ་མི་སྣ། རྩིས་གཉེར། བདེ་འཇགས་འགན་སྲུང་མི་སྣ་སོགས་ཀྱི་ལས་གནས་འདུས་ཡོད། གདན་ཞུ་ཚོགས་འདུ་ཡིས་གཅིག་བསྡུས་ངང་ལས་ཞུགས་དཀའ་བའི་མི་སྣ་དང་། དབང་བོ་སྐྱོན་ཅན་སོགས་ཀྱི་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བགྲོད་ལམ་རྒྱ་ཇེ་ཆེར་བཏང་ནས་ལས་ཞུགས་རོགས་སྐྱོབ་མཁོ་འདོན་བྱས། ཕུལ་བྱུང་ཁེ་ལས་དང་རྒྱ་ཆེའི་ལས་གནས་འཚོལ་མཁན་དག་ལ་མཐུན་སྦྱོར་ཡག་པོ་བྱས་ཤིང་། ཧུར་ཐག་གིས་ལས་ཞུགས་ལ་རྒྱབ་སྐྱོར་ཡོད་པ་དང་། མི་སྤྱོད་ལ་འགན་སྲུང་ཡོད་པ། ཡིད་ཚིམ་ལ་མཐོར་འདེགས་ཡོད་པ་བཅས་མངོན་འགྱུར་བྱས།
སྔར་ལས་ལྷག་པའི་སྒོ་ནས་ལི་ཐང་རྫོང་ཞོར་ལས་བའི་གཞིས་སྲུང་ཁྱིམ་ཚང་གི་ཞབས་ཞུ་འགན་སྲུང་ལས་དོན་གང་ལེགས་སྒྲུབ་ནས། གཞིས་སྲུང་ཁྱིམ་ཚང་སྔར་ལས་མང་པོར་ཏང་དང་སྲིད་གཞུང་གི་དྲོལ་ཁོལ་ཚོར་སྣང་བྱེད་དུ་འཇུག་ཕྱིར། རྫོང་ལས་ཞུགས་ཅུའུ་ཡིས་རྫོང་བཟོ་ཚོགས་དང་མཉམ་འབྲེལ་ངང“ལི་ཐང་རྫོང་གི2023ལོའི་དཔྱིད་རླུང་འགུལ་སྐྱོད་དང་ལི་ཐང་གི་ཐེམ་ཐོ་ཡོད་པའི་ཞོར་ལས་བ་གཞིས་སྲུང་ཁྱིམ་ཚང་འཚམས་འདྲི་བྱ་འགུལ”སྤེལ་ནས། ཞོར་ལས་བ་གཞིས་སྲུང་ཁྱིམ་ཚང་གི་འཐུས་མི་དག་ལ་ལོ་གསར་གྱི་ལེགས་སྐྱེས་བསྐྱལ། གཞན་ཡང་ཞོར་ལས་བ་གཞིས་སྲུང་ཁྱིམ་ཚང་གི་ཁྱིམ་མིའི་འཚོ་བ་དང་། བདེ་ཐང་གནས་ཚུལ། ཕན་ཚུན་ཁ་གཏད་ཀྱི་ལས་ཞུགས་ལས་གཏོད་དང་། ངལ་རྩོལ་དབང་སྲུང་། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་སྲིད་ཇུས་གསལ་བོར་བརྗོད་ནས། ཁོ་ཚོས་ཧུར་ཐག་དང་སྤྲོ་སྣང་ལྡན་པའི་ངང་འཚོ་བ་རོལ་པར་སྐུལ་འདེད་བཏང་།
རྗེས་མར། ལི་ཐང་རྫོང་ལས་ཞུགས་ཅུའུ་ཡིས་རང་རྫོང་གི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། རྒྱུན་མཐུད་ངང་རྣམ་པ་སྣ་ཚོགས་ཀྱི་ལས་གཏོད་ཞབས་ཞུ་བྱ་འགུལ་སྤེལ་ནས། སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་ཧུར་ཐག་རང་བཞིན་ལ་སྐུལ་སློང་བྱས་ནས་ལས་ཞུགས་མཉམ་ཤུགས་རྒྱ་ཇེ་ཆེར་གཏོང་རྒྱུ་རེད། །