རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་སྔོན། འཇོལ་རྫོང་གིས་དཔྱིད་རྨོད་རྨོད་གྲབས་གྲ་སྒྲིག་བྱས་ཏེ་ཞིང་ལས་ཐོན་སྐྱེད་ལས་ཀར་སྐུལ་འདེད་བཏང་། རྫོང་ཡོངས་གྲོ་རིགས་ཀྱི་འདེབས་འཛུགས་གཞི་ཁྱོན་མུའུ་32700ཡོད་པ་དང་། སྲན་མའི་རིགས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་50ཙམ་ཡོད་པ། ཞོག་ཁོག་རིགས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་300ཙམ་ཡོད། དགུན་འདེབས་ཡུངས་དཀར་མུའུ་50ཡོད།
དགུན་དཔྱིད་ནས་བཟུང་། འཇོལ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་སོགས་སྡེ་ཚན་གྱིས་ཤང་གྲོང་ཁག་ལ་རྒྱུན་གཏན་གྱི་ཡུངས་དཀར་གྱི་སོན་སྟོང་ཁེ་1000སྤྲད་པ་དང་ཞིང་ལས་རྒྱུ་ཆ་གཉེར་སྐྱོང་བྱེད་མཁན་གཙོ་བོ་དང་མཉམ་འབྲེལ་བྱས་ཏེ་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་སོན་བཟང་དང་དེ་བཞིན་ཆུ་འབྲས་ཀྱི་སོན་བཟང་སྟོང་ཁེ་50000དང་ཞིང་སྤྱོད་འགྱིག་ཤོག་ཏུན་80དང་ཞིང་སྨན་ཏུན་20གྲབས་གསོག་བྱས་ནས་དཔྱིད་རྨོད་རྨོད་གྲབས་ཀྱི་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད།ད་ལོར་འཇོལ་རྫོང་གི་དབྱར་འབྲུ་འདེབས་འཛུགས་ལས་འགན་མུའུ་ཁྲི་3.3དང་ཡུངས་དཀར་འདེབས་ཁྱོན་མུའུ་700ཟིན་ཡོད་པ་རེད།
ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་བདེ་སྐྱིད་གྲོང་སྡེའི་དགུན་གྲོ་དང་དགུན་འདེབས་ཡུངས་དཀར་སྐྱེ་འཚར་ལེགས་པོ་བྱུང་བ།པར་འདི་ནི་ཡུལ་མི་རྣམས་ཞིང་ཁར་རྩྭ་ལྡུམ་མེད་པར་བཟོ་བཞིན།(ཚེ་རིང་སྒྲོལ་མས་ པར་བླངས།)
ཆར་འབབ་དུས་ཚིགས་སྔ་གཞུག བདེ་ཆེན་ཁུལ་འབྲི་ཆུའི་འགྲམ་རྒྱུད་དུ་དཔྱིད་ཀྱི་འདུན་པ་རིམ་བཞིན་མངོན་པ་དང་། ཞིང་པ་ཚོས་དུས་སྐབས་དམ་འཛིན་བྱས་ནས་ཞིང་ནང་དང་མུ་ཁར་ལས་ལ་བྲེལ་བཞིན་ཡོད། (ཡུས་ཧྥུའུ་ཆོན་གྱིས་པར་བླངས།)