རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-16   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ལོ་རེའི་ལི་སྡོང་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་ཡོངས་སུ་སླེབས་པ་དང་བསྟུན། རྒྱལ་མོ་རྔུལ་ཆུ་སྟེ་ཀྲུང་གོའི་ཆེས་མཛེས་གྲོང་ཚོའི་ལི་སྡོང་མེ་ཏོག་རབ་ཏུ་བཞད་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད། གནས་དེ་རུ་གངས་རི་དང་བོད་གྲོང་། གནའ་མཁར། མཛེས་མ་བཅས་ཀྱིས་ཐུན་མོང་མ་ཡིན་པའི་བོད་གྲོང་གི་རི་མོ་ཞིག་གྲུབ་ཡོད།
དཔྱིད་ཟླ་གསུམ་པ་དང་བཞི་བ་ནི་མཛེས་མའི་ལུང་བའི་ལི་སྡོང་མེ་ཏོག་ལ་གཟིགས་པའི་དུས་ཚིགས་ཡིན་ལ། ལི་སྡོང་མེ་ཏོག་དང་བོད་གྲོང་གིས་གནའ་མཁར་དེ་ཡོངས་སུ་བརྒྱན་པ་མ་ཟད། གནམ་སྔོ་དྭངས་ཤིང་མེ་ཏོག་ནི་ཁ་བ་ལྟར་དཀར། བོད་གྲོང་ཁང་བའི་སྒོ་ཁ་དང་རི་ཀླུང་ཀུན་དུ་ལི་སྡོང་མེ་ཏོག་གི་དྲི་ཞིམ་འཐུལ་ཡོད། བོད་གྲོང་དུ་ཞོགས་པའི་དུ་བ་འཇམ་པོར་འཕྱུར་བ་དང་བསྟུན་རྒྱལ་མོ་རྔུལ་ཆུའི་གྲོག་རོང་གི་འགྲམ་རྒྱུད་གཉིས་ཀྱི་རྣམ་པ་ནི་ལྷ་ཡི་ཞིང་ཁམས་ཞིག་དང་ཀུན་ནས་མཚུངས། ཕྱིའི་རྣམ་པ་མཛེས་ཤིང་བཟོ་ཚུལ་གཅིག་པའི་བོད་གྲོང་ཆགས་ཚུལ་མི་སྙོམས་པའི་རི་ཀླུང་ཁྲོད་དུ་འཛུགས་སྐྲུན་བྱས་ཡོད་པས། ལ་ལ་མཐོ་ཞིང་ལ་ལ་དམའ་བར་རང་བྱུང་ཁོར་ཡུག་ནང་དུ་ཡོངས་སུ་འདྲེས་ཡོད། ལི་སྡོང་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་ནང་རྒྱང་རིང་ནས་བལྟས་ཚེ་ཁ་མདོག་རྣམ་པར་བཀྲ་ཞིང་མིག་དབང་འཕྲོག་པ་ཞིག་རེད། དཔྱིད་དུས་ཀྱི་ལི་སྡོང་མེ་ཏོག་གིས་རོང་བྲག་རྫོང་གི“ཕུལ་བྱུང་གསུམ”གྲུབ་ཅིང་། “ཕུལ་བྱུང་གཅིག་ནི”ལི་སྡོང་མེ་ཏོག་གིས་བོད་གྲོང་བརྒྱན་པ། “ཕུལ་བྱུང་གཉིས་ནི”ལི་སྡོང་མེ་ཏོག་གིས་གནའ་མཁར་བརྒྱན་པ། “ཕུལ་བྱུང་གསུམ་ནི”ལི་སྡོང་མེ་ཏོག་གིས་མཛེས་མ་བརྒྱན་པ་བཅས་ཡིན།
གྲོང་ཚོའི་ལམ་ཕྲན་ནང་དུ་བསྐྱོད་ཚེ། ལྷིང་འཇགས་ཀྱི་གྲོང་ཚོས་སྔར་བཞིན་རང་གི་ཁྱད་ཆོས་བཟུང་ཡོད། བོད་གྲོང་གི་ཕྱི་གྱང་དཀར་མདོག་ཡིན་པ་དང་། གྱང་ངོས་སུ་ཁམ་མདོག་དང་ནག་པོས་ཁྲ་ཐིག་བརྒྱན་ཡོད་པ་མ་ཟད། ཉི་ཟླ་སྐར་གསུམ་སོགས་ཀྱི་རི་མོ་བྲིས་ཡོད། ཉི་མ་ནུབ་ཁ་ལི་སྡོང་མེ་ཏོག་དང་ཁམ་བུ་མེ་ཏོག་གིས་བོད་གྲོང་དེ་ཡོངས་སུ་བརྒྱན་ནས་སྒེག་ཉམས་ལྡན་པ་ཞིག་ཡིན་ལ། ས་གཞི་ཡོངས་ཀྱིས་དཀར་མདོག་གི་སེང་རས་གྱོན་གོས་སྣུབ་པ་བཞིན་རབ་ཏུ་མཛེས་ཤིང་། ལོ་རྒྱུས་ཁྱད་ཆོས་ལྡན་པ་དང་། རིག་གནས་ཁྱད་ཆོས་ལྡན་པ། འཚོ་བའི་ཁྱད་ཆོས་ལྡན་པའི་འཇིག་རྟེན་དང་བྲལ་བའི་བདེ་བ་ཅན་གྱི་ཞིང་ཁམས་ཞིག་ཆགས་ཡོད།
རོང་བྲག་རྫོང་གི་ལོ་རྒྱུས་ཡུན་རིང་ཞིང་། རིག་གནས་ཕུན་སུམ་ཚོགས་པ། རོང་བྲག་རྫོང་དུ་གངས་རི་བརྒལ་བ་དང་རྩྭ་ཐང་བརྒལ་བའི་དུས་དེར་དམར་དམག་གིས་དཀར་མཛེས་ཁུལ་དུ་ཏང་། སྲིད། དམག མང་ཚོགས་བཅས་ཀྱི་རྩ་འཛུགས་འཛོམས་པའི་གསར་བརྗེའི་གནས་གཞིའི་ས་ཁུལ་དང་པོ་བཙུགས་ནས། རོང་བྲག་ས་གཞི་ཆེན་པོ་སྟེང་དུ་དགའ་སྐྱོ་གཉིས་ལྡན་གྱི་གསར་བརྗེ་བྱས་རྗེས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་འོད་འབར་རྗེས་ཤུལ་བཞག་པ་རེད།
དཔྱིད་དུས་ནི་མཛེས་སྡུག་ལྡན་པའི་དུས་ཚིགས་ཤིག་ཡིན་པས། རོང་བྲག་རྫོང་གིས་བོད་གྲོང་ལ་གཟིགས་པ་དང་། ལི་སྡོང་མེ་ཏོག་ལ་གཟིགས་པ། གནའ་མཁར་འཛེག་པར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་པ་བསུ་བཞིན་ཡོད། །