བདེ་ཆེན་ཁུལ་གྱིས་མི་རིཊ་ལུས་སྦྱོང་ལུས་རྩལ་འགྲེམས་སྟོན་འགྲན་བསྡུར་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་16ཉིན་གྱི་སྔ་དྲོར།  བདེ་ཆེན་ཁུལ་བུད་མེད་མཐུན་ཚོགས་དང་ཁུལ་སློབ་གསོ་ལུས་རྩལ་ཅུས།  ཁུལ་འཕྲོད་བསྟེན་བདེ་ཆེན་ཨུ་ལྷན།  ཁུལ་སྤྱི་ཁྱབ་བཟོ་ཚོགས།  གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་"སྤྲོ་སྣང་ལྡན་པའི་ལུས་སྦྱོང་། ཁྱིམ་ཚང་ཚང་མའི་བདེ་ཐང་"ཞེས་པའི་མི་རིགས་ལུས་སྦྱོང་ལུས་རྩལ་འགྲེམས་སྟོན་འགྲན་བསྡུར་དེ་ནགས་ལྕོག་རི་བོའི་ལུས་རྩལ་ཁང་དུ་སྤེལ་བ་རེད།

        ཁུལ་རིམ་པའི་ཨུ་ལྷན་དོན་གཅོད་ཅུས་ཁག་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་ཁག མི་དམངས་ཚོགས་པ་ཁག་བཅས་ནས་ཡོང་བའི་འཐུས་མིའི་རུ་ཁག་16འགྲན་བསྡུར་ནང་ཞུགས་ནས་འཁྲབ་སྟོན་བྱས་ཏེ། བག་ཕེབས་དང་མགྱོགས་མྱུར་གྱི་རོལ་དབྱངས་དང་འགྲོགས་ནས་ 《མཐོ་སྒང་བྲོ་འཁྲབ་》《ལྕགས་དཔུང་དྲང་བདེན་རྡོག་བརྫིས་མདུན་སྐྱོད་》《ཁྲིམས་འགུལ་ལང་ཚོ་། དུས་རབས་གསར་པར་བསྟོད་པ།》གས་ཀྱི་ལེ་ཚན་རེ་རེ་བཞིན་འགྲེམས་སྟོན་བྱས་པ་དང་།  མཛེས་སྡུག་ལྡན་པའི་མི་རིགས་ཀྱི་གྱོན་ཆས་དང་སྤྲོ་སེམས་འཁོལ་བའི་ཞབའ་བྲོ་འཁྲབ་སྟོན་བྱས་པས་ཡུལ་དངོས་ཀྱི་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་པ་རེད།     

        བདམས་ཐོན་པ་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྙིང་སྟོབས་དང་མདུན་སྐྱོད་ཀྱི་སྟོབས་དང་ལྡན་པའི་སྟངས་སྟབས་ལ་བརྟེན་ནས་ཉི་འོད་ཀྱིས་མི་སེམས་འགུལ་བའི་འཛུམ་མདངས་འཕྱུར་བ་བྱས་ཏེ་དུས་རབས་གསར་པ་དང་བདེ་ཆེན་གསར་པའི་ཉམས་འགྱུར་གསར་པ་གང་ལེགས་མངོན་པར་བྱས་ཡོད། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་མཐར་ནོར་ཁྲལ་ཁོངས་གཏོགས་ཀྱི་འཐུས་མི་རུ་ཁག་གིས་《བུ་མོའི་དགའ་གླུ》ལ་བརྟེན་ནས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།