རྩི་ཤིང་རིགས་གསར་པ་ཞིག་རྙེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-22   རྩོམ་ཁུངས།    中国藏语广播CNR

ཡུན་ནན་ནས་གསར་ཏུ་ཟིན་ཐོར་བཀོད་པའི་རྩི་ཤིང་རིགས་ཤིག་སྟེ་འདབ་གཤོག་ཆེ་བའི་སྡོང་ཐུང་ཞེས་པ་གསར་རྙེད་བྱུང་བ།

        ཉེ་ལམ། ཡུན་ནན་ཞི་ཧྲོང་པན་ན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཧྲང་ཡོན་བདག་སྐྱོང་ཁང་གིས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྲོད། ངོ་མི་ཤེས་པའི་རྩི་ཤིང་རིགས་གསར་པ་ཞིག་རྙེད་ཡོད། ཀྲུང་གོ་ཚན་རིག་གླིང་གི་ཆེད་མཁས་པས་གསལ་འབྱེད་བྱས་པ་བརྒྱུད། རྩི་ཤིང་འདི་ནི་འདབ་གཤོག་ཆེ་བའི་སྡོང་ཐུང་ཞེས་པ་དེ་ཡིན་ལ། རང་རྒྱལ་དུ་ཐེངས་དང་པོར་རྩི་ཤིང་རིགས་འདི་སྐྱེས་ཡོད་པ་ཤེས་རྟོགས་བྱུང་ཡོད།

པར་འདི་ནི་ཡུན་ནན་ཞི་ཧྲོང་པན་ན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་པར་བརྒྱབ་པའི་གསར་དུ་ཟིན་ཐོར་བཀོད་པའི་རྩི་ཤིང་སྟེ། འདབ་གཤོག་ཆེ་བའི་སྡོང་ཐུང་ཞེས་པ་དེ་རེད།

        འདབ་གཤོག་ཆེ་བའི་སྡོང་ཐུང་འདི་གཙོ་བོ་འབར་མ་དང་ཐེ་ལན་སོགས་ཡ་གླིང་ཤར་ལྷོའི་རྒྱུད་ཀྱི་རྒྱལ་ཁབ་ཏུ་ཁྱབ་པ་དང་། ང་ཚོས་ཞི་ཧྲོང་པན་ན་རུའང་འདི་ཡོད་པ་ཚོད་དཔག་བྱས་པ་ཡིན། ཐེངས་འདིའི་གསར་རྙེད་ལས་བདེན་པ་ར་སྤྲད་པ་རེད་ཅེས་ཀྲུང་གོའི་ཚན་རིག་གླིང་ཞི་ཧྲོང་པན་ན་ཚ་ཁུལ་རྩི་ཤིང་གླིང་གི་ཞིབ་འཇུག་པ་ཐན་ཡོན་ཧོན་གྱིས་ངོ་སྤྲོད་གནང་བ་དང་། འདབ་གཤོག་ཆེ་བའི་སྡོང་ཐུང་ནི་མེ་ཏོག་ཧ་ལོའི་རིགས་སུ་གཏོགས་པའི་རྩི་ཤིང་ཞིག་ཡིན་པ་དང་། མེ་ཏོག་གི་མདོག་ནི་དམར་སེར་ནས་རིམ་བཞིན་དམར་སྐྱར་འགྱུར་བ་དང་། སྡོང་རྐང་གི་རིང་ཚད་སྨི་35ནས་སྨི་45ལ་སླེབས་ཀྱི་ཡོད་ཅེས་བརྗོད་བྱུང་།

པར་འདི་ནི་ཡུན་ནན་ཞི་ཧྲོང་པན་ན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་པར་བརྒྱབ་པའི་གསར་དུ་ཟིན་ཐོར་བཀོད་པའི་རྩི་ཤིང་སྟེ་འདབ་གཤོག་ཆེ་བའི་སྡོང་ཐུང་ཞེས་པ་ཡིན།

        ཐན་ཡོན་ཧོང་གིས་བཤད་པར། ཐེངས་འདིའི་གསར་རྙེད་ལས་རང་རྒྱལ་གྱི་རྩི་ཤིང་རིགས་གསར་པ་ཞིག་བསྣན་ཡོད་ཅེས་དང་། རྒྱུས་ལོན་བྱུང་བ་ལྟར་ན། འདབ་གཤོག་ཆེ་བའི་སྡོང་ཐུང་ལ་ཞིབ་འཇུག་དང་སྲུང་སྐྱོང་གི་རིན་ཐང་ཤིན་ཏུ་ཆེན་པོ་ལྡན་པ་དང་། རང་རྒྱལ་གྱི་ཚ་ཁུལ་ཆར་ནགས་ཀྱི་སྐྱེ་དངོས་རིགས་ཕུན་སུམ་ཚོགས་པོ་ཡོད་པ་མཚོན་ཡོད། དུས་རིམ་རྗེས་མར་སྲུང་སྐྱོང་ཁུལ་གྱིས་འདབ་གཤོག་ཆེ་བའི་སྡོང་ཐུང་གི་རིགས་ཚོགས་ཁྱབ་སྟངས་དང་ཁོར་ཡུག་གི་སྤུས་ཚད། སྲུང་སྐྱོང་གནས་བབ་སོགས་ལ་བརྟག་དཔྱབ་ཞིབ་འཇུག་ཟབ་མོ་བྱ་རྒྱུ་རེད།