རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-23   རྩོམ་ཁུངས།    : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པིའེ་གྲོང་ཚོར་གྲོང་གསེབ་སྒྱུར་བཀོད་རིམ་སྤོར་གྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་གང་སར་མཐོང་ཐུབ་པ་དང་དུས་རབས་གསར་པ་དང་གྲོང་གསེབ་གསར་པ། ཞི་མཐུན་དང་གནས་སྡོད་ལ་འཚམ་པའི་འཆམ་མཐུན་གྱི་རྣམ་པ་མིག་ལམ་དུ་འཆར་གྱི་ཡོད།
འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པིའེ་གྲོང་ཚོ་ནི་མི་རིགས་མང་པོ་འདུས་སྡོད་དང་། རིག་གནས་སྣ་མང་མཉམ་འདྲེས། སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཞིང་སྡེའི་མཛེས་ལྗོངས་ལྟ་ན་སྡུག་པ་སོགས་ཀྱི་ཁྱད་ཆོས་གཞི་གཅིག་ཏུ་འདུས་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ཆི་པིའེ་གྲོང་ཚོས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། རིག་གནས་དར་རྒྱས། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ལ་རྒྱུན་མཐུད་ཀྱིས་ཤུགས་བརྒྱབ་སྟེ་གྲོང་གསེབ་ཡུལ་སྐོར་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རོགས་བྱེད་པའི་“སྒུལ་བྱེད་འཕྲུལ་འཁོར”ཆེ་ཤོས་སུ་བསྐྲུན་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་རོགས་རམ་བྱས་ཡོད།
གྲོང་མི་ཧོ་ཅིན་ཀོང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ཆི་པིའེ་གྲོང་ཚོས་“དམངས་སྲོལ་གནས་ཚང+”འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད། སྲོལ་རྒྱུན་རིག་གནས་ཉམས་ལེན་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་སྲོལ་རྒྱུན་རིག་གནས་ཉམས་ལེན་ཁུལ་ཁག་ཅིག་གསར་གཏོད་བྱེད་དགོས། གྲོང་ཚོ་དེས་སྲོལ་རྒྱུན་གྱི་གྲོང་མིའི་སྡོད་ཁང་སྲུང་སྐྱོང་བྱ་རྒྱུ་གཙོ་ཁྲིད་དུ་བྱས་ཏེ་མང་ཚོགས་ཀྱི་སྡོད་ཁང་སྒྱུར་བཀོད་དང་སྲུང་སྐྱོང་། མི་རིགས་ཀྱི་སྲོལ་རྒྱུན་བཟོ་བཀོད་རྒྱུན་འཛིན། གྲོང་ཚོའི་ཉམས་འགྱུར་དང་ཟུང་འབྲེལ་བཅས་བྱས་ནས་བཟོ་བཀོད་ཀྱི་རང་གཤིས་མངོན་པར་བྱས་ཡོད།