དྲན་ཤེས་བརྟན་དུ་གཏོང་བར་ཐབས་ཤེས་འདི་འདྲ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-27   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

    མིའི་ཀླད་པ་བསིལ་ཤོས་ལོ་22ཀྱི་སྐབས་སུ་ཡིན་ཞིང་། རིགས་འདེད་ཀྱི་ནུས་པ་དང་། བསམ་གཞིགས་ཀྱི་མྱུར་ཚད། རིགས་དབྱེའི་ནུས་པ་སོགས་ལོ་27ནས་རིམ་བཞིན་སྐྱོ་རུ་འགྲོ་ཡི་ཡོད་པས། གཤམ་གསལ་གྱི་ཐབས་འདི་དག་སྤྱད་ན་དྲན་ཤེས་ཉམས་པར་སྔོག་འགོག་ནུས་ལྡན་ཐུབ་ཀྱི་ཡོད།

图片

    འགོག་ཐབས།

    གཅིག བསམ་བློ་མང་ཙམ་གཏོང་དགོས། 
    གཉིས། ཐ་མག་མི་འཐེན་པ་དང་ཆང་རག་འཐུང་རྒྱུ་མེད། 
    གསུམ། རྒྱུན་དུ་ལུས་སྦྱོང་བྱེད་དགོས། 
    བཞི། འཚོ་བཅུད་ལྡན་པའི་ཟས་རིགས་མང་ཙམ་ཟ་དགོས།
    གློ་བའི་ནུས་པ་ལོ་20ནས་རིམ་བཞིན་ཉམས་འགྲོ་བ།
    ཐ་མག་འཐེན་པ་དང་། ཐལ་རྡུལ་རྔུབ་རྒྱུན་རིང་བ། ལུས་ཤ་རྒྱས་ནས་དབུགས་འབྱིན་རྔུབ་དཀའ་བ་སོགས་ནི་གློ་བའི་ནུས་པ་ཉམས་སླ་བའི་རྐྱེན་གཙོ་བོ་རེད། དེ་བཞིན་གློ་བའི་ནུས་པ་ལོ་20ནས་རིམ་བཞིན་ཉམས་འགྲོ་ཡི་ཡོད་པ་དང་ལོ་40ནས་གློ་བའི་ནུས་པ་ཉམས་ཚད་ཆེ་ཤོས་ལ་སླེབས་ཀྱི་ཡོད། དེར་བརྟེན་གཤམ་གསལ་གྱི་ཐབས་འདི་གཉིས་པོ་སྤྱད་ཚེ་གློ་བའི་ནུས་པ་ཉམས་པར་སྔོན་འགོག་ནུས་ལྡན་ཐུབ་ཀྱི་ཡོད།         

图片

    འགོག་ཐབས།
    གཅིག ཐ་མག་འཐེན་རྒྱུ་མེད།   
    གཉིས། ཆུ་རྐྱལ་མང་ཙམ་རྒྱག་དགོས།

    ཐབས་འདི་གཉིས་པོ་ཧོབ་ཏེ་བལྟས་ན་ལས་སླ་པོ་མཐོང་རུང་དོན་དམ་པར་རྒྱུན་འཁྱོངས་རྒྱུ་ནི་མི་སུ་འདྲ་ཞིག་གི་ངོས་ན་བརྗོད་ན་དཀའ་ལས་ཁག་པོ་རེད། འོན་ཀྱང་རང་ཉིད་ཀྱི་བདེ་ཐང་ཆེད་དུ་ཚང་མས་ལག་ལེན་དངོས་སུ་འཁྱོལ་བར་བརྩོན་རོགས།