རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཤེས་རྟོགས་བྱུང་བར་གཞིགས་ན་འཇོལ་རྫོང་མི་རིགས་རིག་གནས་སྒྱུ་རྩལ་ཚོགས་པའི་སྔ་མིང་འཇོལ་རྫོང་གཞུང་ཁོངས་རིག་རྩལ་ཚོགས་པ་དེ1959ལོར་བཙུགས་པ་དང་སྐབས་དེར་མའོ་ཙེ་ཏུང་དགོངས་པའི་དྲིལ་བསྒྲགས་རུ་ཁག་ཅེས་འབོད་པ། 1980ལོར་འཇོལ་རྫོང་རིག་རྩལ་རུ་ཁག་ཅེས་མིང་བསྒྱུར་བ་རེད།
འཇོལ་རྫོང་མི་རིགས་རིག་གནས་སྒྱུ་རྩལ་ཚོགས་པ་སྒོ་བྱང་བཀལ་ནས་བཙུགས་པ་དེ་འཇོལ་རྫོང་གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་པ་མཚོན་ཡོད། དེ་སྲིད་ཇུས་དྲིལ་བསྒྲགས་དང་། དཔལ་ཡོན་ལག་ལེན། སྤྱི་པའི་ཞབས་ཞུ། དམངས་ཕན་འཁྲབ་སྟོན། སྒྱུ་རྩལ་ཁྱབ་གདལ། ས་གནས་ཀྱི་ཟློས་གར་རིགས་དང་ཁྱད་ཆོས་ལྡན་པའི་དམངས་ཁྲོད་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་རྒྱུ་རེད།