མང་ཚོགས་ཀྱིས་ཞིང་ཁ་ནས་རྒན་སྒྲོལ་མའི་སློབ་ཁྲིད་ལ་སྤྲོ་བས་ཉན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཔྱིད་འགོ་ཚུགས་རྗེས་སེམས་ཀྱི་ཉི་ཟླར་སྐྱེ་སྟོབས་རྒྱས་པས་མི་རྣམས་ཀྱིས་དཔྱིད་རྨོད་དཔྱིད་འདེབས་ལ་བྲེལ་བཞིན་ཡོད།  སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཏང་གི་སློབ་གྲྭའི་རྒན་སྒྲོལ་མས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧོང་ཕོའོ་གྲོང་གི་ལུའོ་ཏུང་ཚོ་ཆུང་དང་།  ལམ་སྟེང་ཚོ་ཆུང་།  ཝུའུ་རི་ཚོ་ཆུང་དུ་སློབ་ཁྲིད་བྱས་པར་སོང་བ་དང་།  གྲོང་མི་80ཙམ་གྱིས་སློབ་ཁྲིད་ཉན་ལ་ཡོང་།

图片

    རྒན་སྒྲོལ་མས་བོད་སྐད་ནས་གྲོང་མི་རྣམས་ལ་འཚམས་འདྲི་བྱས་པ་དང་།  དེ་རིང་ངས་ཚང་མ་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཏོན་པའི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་བཟང་པོ་ཁག་བཤད་རྒྱུ་ཡིན་ཨ་ཞེས་ཟེར་ནས་སྐད་ཅིག་ལ་ཚང་མ་དང་བར་ཐག་ཇེ་ཉེ་རུ་བཏང་།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ལ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བར་རྒྱུན་འཁྱོངས་བྱེད་དགོས་ཞེས་བཏོན་ཡོད་པས།  ང་ཚོ་ཞིང་པའི་འཚོ་བ་སྐྱིད་པོ་ལ་རེ་བ་ཆེན་པོ་ཡོད་ཞེས་རྒན་སྒྲོལ་མས་འདི་ལྟར་ཟེར་བ་དང་།  མུ་མཐུད་དུ་ཁྱོད་ཚོས་ལྟོས་དང་། ཉེ་བའི་ལོ་འགའི་རིང་།  ཏང་གི་འགོ་ཁྲིད་འོག་གྲོང་ཚོའི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  ཡུལ་སྐོར་ཐོན་ལས་དར་རྒྱས་བྱུང་ཡོད།  ཚང་མས་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་གྱུར།  གོམ་སྟབས་རྗེས་མར།  ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ང་ཚོར་བཀོད་པའི་དཔེ་རིས་ལ་དམ་པོ་དམིགས་ནས་ཐོན་ལས་འཕེལ་རྒྱས་གཏོང་དགོས་པ་དང་།  བྱིས་པ་ཚོ་ལ་ཡི་གེ་སློབ་ཏུ་བཅུག  འབད་བརྩོན་ལྷུར་འཐག་བྱས་ན་དེ་ལས་བཟང་པའི་འཚོ་བ་སྐྱིད་པོ་ད་དུང་རྗེས་ན་ཡོད་རྒྱུ་རེད་ཞེས་ཟེར།  

图片

    རྒན་སྒྲོལ་མས་སློབ་ཁྲིད་བྱས་པ་གསོན་ཉམས་ལྡན་ཞིང་།  གྲོང་མི་རྣམས་ཀྱིས་ཉན་ནས་སྤྲོ་བ་འཕེལ།  ཚང་མས་ཁྱོད་ཚིག་གཅིག་ཤོད་དང་ངས་ཚིག་གཅིག་བཤད་དེ།   འགྱུར་ལྡོག་གླེང་བ་དང་སྲིད་ཇུས་བཤད་པ།  འཕེལ་རྒྱས་གླེང་བའི་སྐད་ཆའི་ནང་དུ་མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བར་རེ་སྨོན་གྱིས་ཁེངས་ཡོད།

    ད་ལྟའི་བདེ་སྐྱིད་འཚོ་བ་ནི་དེ་སྔ་བསམ་ཡང་མི་ཕོད་པ་ཞིག་ཡིན།  ཉིན་ལྟར་ཟ་བའི་ཟ་མ་དེ་ལོ་གསར་གཏོང་བ་དང་ཁྱད་པར་མི་སྣང་། ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་ཡོད།  ལོ་ལྟར་པོ་ཏ་མཚོ་ལྗོམས་ཁུལ་གྱིས་སྐྱོང་ལན་འཇལ་བའི་མ་དངུལ་ལེན་ཐུབ།   ནང་མིས་ད་དུང་ལྗོངས་ཁུལ་དུ་གླ་པ་རྒྱུག་ཐུབ་པ།   བྱིས་པ་སློབ་གྲྭར་འགྲོ་བར་དངུལ་གཏོང་དགོས་ཀྱི་མེད་ཅེས་ཏང་གི་སྲིད་ཇུས་བཟང་པོའི་སྐོར་གླེང་སྐབས་ལོ་61་ལ་ཟིན་པའི་གཡང་སྒྲོན་གྱིས་སྐད་ཆ་བཤད་རྒྱུ་མང་སྟེ།   ང་ཚོ་ཚང་མ་དཀའ་སྡུག་མྱོང་མཁན་ཤ་སྟག་ཡིན།   གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་སྟབས་ང་ཚོར་གཞི་ནས་ད་ལྟའི་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་། ང་ཚོས་ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་བྱས་ན་འཚོ་བ་སྔར་ལས་ཡག་པོ་སྐྱེལ་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད་ཅེས་ཟེར། 

图片

    རྒན་སྒྲོལ་མས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་སྐབས་གལ་ཆེ་ཤོས་ནི་མང་ཚོགས་སྡོད་ཐུབ་པ་དང་ཉན་ཐུབ་པ་བྱ་རྒྱུ་དེ་ཡིན་པ་དང་།  མང་ཚོགས་རང་ངོས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་འགྱུར་ལྡོག་གསར་པ་ནི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་“མཆན་འགྲེལ་”ཡག་ཤོས་དེ་རེད་ཅེས་བཤད།

图片

    བདེ་ཆེན་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱས་ཏེ་ཉེན་ཁ་སྔོན་འགོག་དང་།  བདེ་འཇགས་འགན་ལེན །  འཕེལ་རྒྱས་སྟོབས་ཆེར་གཏོང་བ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་ནས་བཟུང་།  འདམ་བག་འགོས་པ་དང་སྒྲོག་འགྲེལ་ཡན་ལག་རུ་ཆུང་རེ་རེ་བཞིན་ཞིང་ནང་དང་མུ་ཁ་དང་གྲོང་མིའི་ཁྱིམ་དུ་བསྐྱོད་ཡོད་ལ།  དྲིལ་བསྒྲགས་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པའི་སྔོན་འགྲོའི་ཆ་རྐྱེན་འོག  དང་ལེན་བྱེད་མཁན་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་གཙོ་གནད་མངོན་གསལ་དོད་པ་དང་རིམ་པ་གཞན་གྱི་སྒྲོག་འགྲེལ་གནད་བསྡུས་བཟོས་ཏེ།  སྟབས་བསྟུན་སྣ་མང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་ཐབས་སྤྱད་དེ་ཁུལ་ཡོངས་ཀྱི་གྲོང་མིའི་ཚོ་ཆུང་ཁག་གི་ནང་དང་། ཞིང་ནང་དང་མུ་ཁར་སྒྲོག་འགྲེལ་པ་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱ་རྒྱུ་དེ་རང་ཉིད་ཀྱི་མིག་མཐོང་ལག་ཟིན་དང་། ཉན་མཁན་རྣམས་ལ་བག་ཕེབས་དང་སྤྲོ་སྣང་ལྡན་པའི་ངང་ནས་སློབ་སྦྱོང་བྱེད་པ་དང་། བསམ་བློ་གཏོང་བ།  ལག་ལེན་བསྟར་བ།  གོ་བ་ལེན་པ་བཅས་བྱེད་དུ་འཇུག་ཡོད།