【བདེ་ཆེན་གླུ་གར།】ཡང་ཐང་སྐོར་བྲོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-31   རྩོམ་ཁུངས།    བདེ་ཆེན་བོད་ཡིག་ཚགས་པར།


    སྐོར་བྲོ་ནི་བོད་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་སྣ་གསུམ་ནང་གི་གཅིག་ཡིན། བདེ་ཆེན་ཁུལ་གྱི་མངའ་ཁོངས་སུ་བོད་འཚོ་སྡོད་ཡོད་སའི་ཡུལ་དང་ལུང་པ་ཀུན་ལ་སྐོར་བྲོ་འཁྲབ་བའི་འགྲོ་ལུགས་ཡོད།  སྐོར་བྲོ་ལ་སྒོར་བྲོ་དང་བྲོ་ཡང་ཟེར།  གཙོ་བོར་དུས་ཆེན་དང་སྟོན་མོ་བྱེད་པའི་དུས་སུ་འཁྲབ་པ་རེད།  རྒྱལ་ཐང་དང་ཡང་ཐང་ས་ཆར་ཡང་སྐོར་བྲོ་ལ“མཚར་གླུ”ཞེས་ཟེར། དེ་ཡང་ལུང་པ་རེ་ལ་སྐད་ལུགས་རེ་ཟེར་བ་བཞིན།  ཡུལ་དང་ལུང་པ་མི་འདྲ་བས་སྐོར་བྲོ་འཁྲབ་པའི་ཚིག་དང་དབྱངས་རྟ་ཡང་མི་འདྲ་བ་ཡོད་དེ།  རྒྱལ་ཐང་དང་ཡང་ཐང་བ་ཡིས་སྐོར་བྲོ་འཁྲབ་པའི་སྐོར་ལ་བཤད་ན།  རྟགས་སྟོན་མོ་མི་འདྲ་བར་འཁྲབ་པའི་སྐོར་བྲོ་ཡང་མི་འདྲ་བ་སྣང་ཡོད་ལ།  དཔེ་བཞག་ན་བག་སྟོན་རྒྱག་སྐབས་དང་ཁང་སྟོན་བྱེད་སྐབས་འཁྲབ་བའི་སྐོར་བྲོའི་ཚིག་དང་དབྱངས་རྟ་སོགས་མི་འདྲ་རེད། དེ་རིང་ང་ཚོས་མཉམ་དུ་ཡང་ཐང་གི་བག་སྟོན་རྒྱག་པའི་སྐབས་སུ་འཁྲབ་པའི་སྐོར་བྲོ་ལ་མྱོང་རོལ་ཐེངས་གཅིག་བྱེད་དུ་འགྲོ།