སྔོ་ལྗང་དང་མཛེས་ལྡུག་ལྡན་པའི་སེམས་ཀྱི་ཉི་ཟླ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

དཔྱིད་དུས་ཀྱི་སེམས་ཀྱི་ཉི་ཟླའི་ལམ་རྒྱུད་དུ་མཛེས་ལྗོངས་ཡོད་པ་དང་ཞིང་ནང་དུ་ཐོན་ལས་ཀྱང་ཡོད་པས་གྲོང་ཚོ་མཛེས་སྡུག་ལྡན་པ་དང་། མི་རྣམས་ཧ་ཅང་བྱམས་བརྩེ་ལྡན། སྔོ་ལྗང་མཛེས་རིས་རེ་རེ་བཞིན་དལ་གྱིས་སྤེལ་བཞིན་ཡོད།

    “སྔོ་ལྗང་དང་མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླའི་ལོ་གསུམ་གྱི་བྱ་སྤྱོད་”སྤེལ་ཚུན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་ལྗང་མཛེས་བཟོའི་ལས་དོན་གྱི་བླང་བྱར་དམིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་ལྗང་མཛེས་བཟོའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་གནས་སྡོད་དང་། ཡུལ་སྐོར། ལས་རིགས་འཚམ་པའི་སྔོ་ལྗང་མཛེས་བཟོའི་གཟུགས་བརྙན་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

།སེམས་ཀྱི་ཉི་ཟླའི་སྔོ་ལྗང་རྣམ་པ་ཇེ་ཟབ་ཏུ་གྱུར།

       སྔོ་ལྗང་མཛེས་བཟོའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་ཆབས་ཅིག་སེམས་ཀྱི་ཉི་ཟླའི་“སྔོ་ལྗང་གྲངས་གཞིར་”རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་དང་ཁྲོམ་གཞུང་ཆེ་ཆུང་དང་གྲོང་གསེབ་ཀྱི་ཞིང་ནང་ཉིན་རེ་བཞིན་སྔོ་ལྗང་ཅན་དུ་འགྱུར་བ། མེ་ཏོག་ཇེ་མང་དུ་འགྲོ་བ། འོད་མདངས་ཇེ་གསལ་དུ་འགྲོ་བ། ཁྱད་ཆོས་ཇེ་གསལ་དུ་གཏོང་བ་བཅས་བྱས་ཏེ་མི་ཚང་མས་ལྗང་མདོག་གཏོད་པ་དང་། མི་ཚང་མས་ལྗང་མདོག་དྲིལ་བསྒྲགས་བྱེད་པ། མི་ཚང་མས་ལྗང་མདོག་སྲུང་སྐྱོང་བྱེད་པ། མི་ཚང་མར་ལྗང་མདོག་ལྡན་པ་བཅས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད། 2022ལོའི་ཟླ་10པའི་བར་གྲོང་ཁྱེར་ཡོངས་སུ་ཁྱོན་སྡོང་ཕྲུག་སྣ་ཚོགས་ཁྲི་212.5806འདེབས་འཛུགས་པའི་ནང་དམངས་ཡོངས་ཀྱིས་འོས་འགན་ངང་སྡོང་ཕྲུག་ཁྲི་80.4912བཙུགས་པ་རེད།

གྲོང་གསེབ་སྔོ་ལྗང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ།

    སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་གཞུང་ལམ་དུ་བསྐྱོད་ནས་ཉི་ཤར་ཤང་སྐྱ་སྟེང་གྲོང་ཚོར་སླེབས་སྐབས་འགྲོ་ལམ་གཡས་གཡོན་གྱི་མེ་ཏོག་དང་རྩི་ཤིང་གིས་མི་རྣམས་ཡིད་སྤྲོ་ཞིང་ལྟ་ན་སྡུག་པ་ཞིག་འདུག སྐྱ་སྟོང་གྲོང་ཚོར་བསྐྱོད་སྐབས་གྲོང་ཚོ་གཙང་ཞིང་གྲལ་འགྲིག་པ་དང་གང་སར་མེ་ཏོག་གི་དྲི་ཞིམ་འཐུལ་ཞིང་། གྲོང་མིས་གྲོང་ཚོའི་གཞུང་ལམ་གཙོ་ཕལ་དང་། བྱེད་སྒོའི་ཐང་ཆེན། ཁོམ་ལོང་ཡོད་པའི་ས་ཞིང་། རང་ཁྱིམ་གྱི་སྒོ་ར་སོགས་ཀྱི་བར་སྟོང་དུ་མེ་ཏོག་དང་སྡོང་བོ་བསྣན་པས་ཁོར་ཡུག་སྐྱིད་སྣང་དོད་པོ་བྱུང་། གཞན་ཡང་ཞིང་ནང་དང་མུ་ཁའི་འབྲས་ཤིང་དང་ལོ་ཏོག རི་ལྡེབས་ཀྱི་ལྗོན་ཤིང་གིས་གྲོང་ཚོ་ཧྲིལ་པོ་སྔོ་ཐིང་ཐིང་དུ་གྱུར་བ་དང་གྲོང་མིའི་ངོ་གདོང་ནས་དུས་དང་རྣམ་པ་ཀུན་ཏུ་བདེ་སྐྱིད་ཀྱིས་ཁེངས་ཡོད།

    “ཉེ་བའི་ལོ་གཉིས་རིང་དུད་ཚང་ཚང་མས་དུས་ཚོད་སྤྱད་དེ་རང་ཁྱིམ་གྱི་སྒོ་ར་ཆུང་ཆུང་བདག་གཉེར་བྱེད་འདོད་ཡོད་པ་དང་སྒོ་རའི་ནང་མེ་ཏོག་དང་རྩྭ་བཏབ་ནས་རང་ཉིད་སྐྱིད་པོ་ཡོད་པ་མ་ཟད་མི་གཞན་པ་ཁྱིམ་དུ་ཡོང་དུས་ཀྱང་སྣང་བ་སྐྱིད་པོ་འདུག་”ཅེས་སྐྱ་སྟེང་གྲོང་ཚོའི་གྲོང་མི་ཐར་མོས་བཤད།    སྐྱ་སྟེང་གྲོང་ཚོའི་རྣམ་པ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྔོ་ལྗང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་བསྡུས་རིས་ཤིག་རེད། ཐོག་མཐའ་བར་གསུམ་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ནན་ཏན་བསྟར་ནས་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་སྟེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་གི་དམག་འཐབ་ཆེན་པོ་གསུམ་བརྒྱབ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ས་མཐོ་བསྐྲུན་པ། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་ནགས་ཚལ་ཁེབས་ཚད་78.6%ཟིན་ནས་གྲོང་ཚོ་(གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཁུལ་)སྔོ་ལྗང་ཅན་དུ་འགྱུར་ཚད་30%ཡན་ཟིན་ཡོད། སན་པཱ་ཤང་ཧ་པ་གྲོང་ཚོ་དང་།གཏེར་མ་རོང་ཤང་ཤིན་ལེན་གྲོང་ཚོ། ཉི་ཤར་ཤང་ཤིན་དབྱང་གྲོང་ཚོ།རྒྱལ་ཐང་གྲོང་རྡལ་ཧོང་ཕོའོ་གྲོང་ཚོ། ཅིན་ཅང་གྲོང་རྡལ་ཤིན་ཝུན་གྲོང་ཚོ་བཅས་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཚོར་བདམས་པ་རེད།   

“སྔོ་ལྗང་མཛེས་སྡུག་ལྡན་པའི་སློབ་གྲྭ་”འཛུགས་སྐྲུན་བྱེད་པ།

      སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་སྔོ་ལྗང་མཛེས་སྡུག་ལྡན་པའི་སློབ་གྲྭའི་བྱ་སྤྱོད་དེ་སློབ་གྲྭའི་འཕེལ་རྒྱས་འཛུགས་སྐྲུན་དང་དེ་བཞིན་སློབ་གྲྭའི་རྒྱུན་གཏན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལྗང་མདོག་སྣོད་བཅུད་ཀྱི་འདུ་ཤེས་དེ་སློབ་ཚན་སློབ་ཁྲིད་དང་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གི་བརྒྱུད་རིམ་ནང་མཉམ་འདྲེས་ཐུབ་པ་བྱས་ནས་སྔོ་ལྗང་མཛེས་སྡུག་ལྡན་པའི་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག་སློབ་མ་ཚོར་སྔོ་ལྗང་ལ་དགའ་ཞེན་དང་། ལྗང་མདོག་སྲུང་སྐྱོང་། ལྗང་མདོག་གསོ་སྐྱོང་བཅས་ཀྱི་གོམས་གཤིས་ཆགས་པར་ཁྲིད་སྟོན་བྱས་ཡོད།