བདེ་ཆེན་གྱིས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ད་ལོར་བདེ་ཆེན་ཁུལ་གྱིས་ཞིང་ཨུའི་“3815”འཐབ་ཇུས་ལ་དམིགས་ནས་ཁུལ་ཡོངས་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་ཡིན་པ་དང་།  མང་ཚོགས་ལ་སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་འཚོ་བཅུད་ལྡན་པའི་བསམ་པའི་འཚོ་བཅུད་འདོན་སྤྲོད་བྱ་རྒྱུ་ཡིན་པ་རེད།     འབྲེལ་ཡོད་ལམ་ལུགས་འགན་ལེན་འཐུས་ཚང་དུ་གཏོང་བ།  རིག་གནས་ཀྱིས་ཁུལ་དར་བའི་འཐབ་ཇུས་དང་རང་ཁུལ་གྱི་བསྒྱུར་བཅོས་ཟབ་སྤེལ་ལས་དོན་གྱི་འབྲེལ་ཡོད་བླང་བྱ་ལ་གཞིགས་ནས་བདེ་ཆེན་ཁུལ་གྱི་《རིག་གནས་ཀྱིས་ཞིང་ཆེན་དར་བའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་སྐོར་གྱི་ལག་བསྟར་བསམ་འཆར》དོན་འཁྱོལ་བྱེད་ཐབས་ཞིབ་ཚགས་གཏན་འབེབས་གཏོང་བ་དང་།  《ཡུན་ནན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་རིག་གནས་གྲངས་གཞི་ཅན་གྱི་འཐབ་ཇུས་ལག་བསྟར་ཇུས་གཞི་》ཡི་བདེ་ཆེན་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་གཏན་འབེབས་བྱེད་པ།  ཁུལ་ཡོངས་རིག་གནས་ཐོན་ལས་གྲངས་གཞི་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

      སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ།  ཁུལ་ཡོངས་ཀྱི་ཁང་གཉིས་དང་ས་ཚིཊ་གཅིག  ལྟེ་གནས་གཅིག་ཞེས་པའི་ཁེབས་ངོས་དང་བཀོད་སྤྱོད་རང་བཞིན་ལ་ཤུཊ་སྣོན་རྒྱག་པ་དང་། ཚད་མ་ལོན་པའི་རིགས་ལ་ཚད་ལོན་འཛུགས་སྐྲུན་ཇེ་མགྱོཊ་སུ་གཏོང་བ། ཚད་ལོན་པ་ལ་མང་ཚོགས་ཀྱི་དགོས་མཁོ་ལྟར་རིམ་པ་སྔར་ལས་མཐོ་རུ་གཏོང་སྟེ་འཛུཊ་སྐྲུན་དང་དོ་དམ་བེད་སྤྱོད་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ།  འཕྲལ་སྡོམ་རླུང་འཕྲིན་མ་ལག་དང་བློ་གྲོས་རླུང་འཕྲིན་བརྙན་འཕྲིན་མཐའ་བརྟན་ལས་གྲྭ་འཛུཊ་སྐྲུན་ལ་ཤུཊ་སྣོན་བརྒྱབ་ནས་རླུང་འཕྲིན་དང་གློག་བརྙན་གྱི་ཁེབས་ཚད་དང་འགན་སྲུང་ཆུ་ཚད་སྲ་བརྟན་དུ་གཏོང་བ། དཔེ་ཆའི་དྲི་ཞིམ་དགུ་ཞུགས་ལས་གཞི་ལ་སྐུལ་འདེད་གཏོང་བ།    རིག་གནས་ཁྱིམ་ཚང་ཁྲི་ཞུགས་ཞེས་པ་དང་གྲོང་གསེབ་ཀྱི་ལོ་གསར་དགོང་ཚོགས་ཞེས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་རིག་གནས་དམངས་ཕན་གྱི་ཁེབས་རྒྱ་ཆེ་རུ་གཏོང་བ།      རིག་གནས་སྒྱུ་རྩལ་སྤུས་རྟགས་གསོ་སྐྱོང་བྱེད་པ།  ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་རིག་རྩལ་ལས་བྱེད་པ་ཐོན་སྐྱེད་འཚོ་བའི་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱས་ནས་ཕུལ་དུ་བྱུང་བའི་རིག་གནས་བརྩམས་ཆོས་ཁག་ཅིག་གསར་རྩོམ་བྱེད་པར་ཁྲིད་སྟོན་བྱེད་པ།  རིག་གནས་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་བྱུང་བའི་བྱེད་ནུས་གསར་པ་སྐུལ་སློང་བྱེད་པ་དང་།  ཧུར་ཐག་སྒོས་རིག་གནས་ཁེ་ལས་དང་རིག་གནས་ལས་སྒོའི་རྣམ་པ་གསར་པ་གསོ་སྐྱོང་བྱེད་དེ་ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་རིག་གནས་ཐོན་ལས་གྲངས་གཞི་ཅན་དུ་སྒྱུར་བའི་ཚོད་ལྟའི་དཔེ་སྟོན་སྤེལ་བར་སྐུལ་ལྕག་བྱེད་པ།   ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱུང་བར་སྐུལ་འདེད་གཏོང་བ་དང་རིག་གནས་དང་ཡུལ་སྐོར་གྱི་ལས་སྒོའི་རྣམ་པ་གསར་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རེད།