འཚོ་བཅུད་ཀྱི་ནུས་པ་དང་ཁ་གསབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-07   རྩོམ་ཁུངས།    གསོ་རིག་གླེང་སྟེགས།

འཚོ་བཅུད་A

ནུས་པ། དབྱང་འགྱུར་འགོག་པ་དང་། རྒས་འགོག། ཀླད་སྙིང་ཁྲག་རྩར་སྲུང་སྐྱོང་གི་ནུས་པ་ལྡན་ལ། རྒྱུན་གཏན་གྱི་མིག་ཤེད་སྲུང་བ་དང་། མཚན་་ལོང་གི་ནད་རྟགས། མིག་སྐམ་པའི་ནད་བཅས་སྔོན་འགོག་བྱེད་ཐུབ།

འཚོ་བཅུད་Aམ་འདང་བའི་ནད་རྟགས། པགས་པ་སྐམ་ཤས་ཆེ་བ་དང་། དབུགས་ལམ་ལ་གཉན་ཁ་རྒྱས་པ། མིག་སྐམ་ཤས་ཆེ་བ། འོད་ལ་སྐྲག་པ། མིག་ཆུ་མང་བ། གསལ་པོ་མི་མཐོང་བ་བཅས་སོ།

ཁ་གསབ་ཀྱི་དུས་འཁོར། ཉིན་ལྟར་ཁ་གསབ་བྱེད་དགོས།

ཁ་གསབ་བྱེད་དགོས་པའི་བཟའ་བཅའ། ཉ་མཆིན་གྱི་སྣུམ་དང་། སྲོག་ཆགས་ཀྱི་མཆིན་པ། སྔོ་ཚལ་དང་ཤིང་ཏོག་ལྗང་ཁུ་དང་སེར་པོ།

【རིགས་གཅིག་མཁས་ཅན་གྱི་དྲན་སྐུལ】

ཡི་གེའི་ལས་ཀ་བྱེད་མཁན་དང་ཁ་ལོ་བ་སོགས་མིག་གིས་མང་པོ་ལྟ་དགོས་པའི་མི་རྣམས་ཀྱིས་འཚོ་བཅུད་Aཟ་དགོས་ཤིང་། ཕན་ཡུན་རིང་བའི་སྦྲུམ་འགོག་སྨན་བཟའ་མཁན་བུད་མེད་ཀྱིས་འཚོ་བཅུད་Aབཟའ་ཚད་ཉུང་དུ་གཏོང་དགོས། འཚོ་བཅུད་Aལུས་པོའི་ནང་ཕྱིར་འབུད་དཀའ་བས་མང་དྲགས་རྒྱུ་མེད། འོ་མ་སྟེར་མཁན་སྐྱེད་མ་དང་མངལ་འཁོར་བའི་བུད་མེད་ཀྱིས་ཡིད་གཟབ་བྱེད་དགོས།

འཚོ་བཅུད་B1

ནུས་པ། ལུས་ཁམས་ཀྱི་གསོན་ཤུགས་རྒྱས་ཐུབ།

འཚོ་བཅུད་མ་འདང་བའི་ནད་རྟགས། འཇུ་ནུས་ཉམས་པ་དང་། རྐང་ལག་སྦྲིད་པ། དབང་རྩའི་ནད་སོགས་ཕོག་གི་ཡོད།

ཁ་གསབ་ཀྱི་དུས་འཁོར། ཉིན་ལྟར་ཁ་གསབ་བྱེད་དགོས།

ཁ་གསབ་བྱེད་དགོས་པའི་བཟའ་བཅའ། འབྲས་རྩིང་དང་། ཤ་སྣག འོ་མ། སྲོག་ཆགས་ཀྱི་མཆིན་པ། མཁལ་མ། ཕབ་རྩི། སྲན་རིགས། ཚགས་ཤ་བཅས་སོ།

【རིགས་གཅིག་མཁས་ཅན་གྱི་དྲན་སྐུལ】

མ་གཞི་འབྲུ་རིགས་ལ་འཚོ་བཅུད་B1ཡོད་ཀྱང་། དེ་གཙོ་བོ་མྱུ་གུ་དང་། འབྲས་སོབ། གྲོ་ལྤགས་ལ་འདུས་ཡོད་པས་ལས་སྣོན་ཞིབ་ཚགས་བྱས་རྗེས་འཚོ་བཅུད་ཞན་དུ་འགྲོ་བས་རབ་བྱུང་ན་འབྲུ་རྩིང་མང་ཙམ་བཟའ་དགོས།

འཚོ་བཅུད་B2

ནུས་པ། པགས་པའི་སྐྱི་མོ་དང་། ཤ་ཤེད། དབང་རྩའི་མ་ལག་བཅས་ཀྱི་བྱེད་ནུས་ལ་སྲུང་སྐྱོང་བྱེད་ཐུབ།

འཚོ་བཅུད་མ་འདང་བའི་ནད་རྟགས། ཁ་དྲི་ཁ་བ་དང་། གཉིད་མི་ཁུག་པ། མགོ་ན་བ། གཟུགས་སྟོབས་ཉམས་པ། པགས་པ་དང་སྐྲ་ལ་ཞག་མང་བ། ལྐོགས་ཤུན་མང་དུ་འགྲོ་བ་བཅས་སོ།

ཁ་གསབ་ཀྱི་དུས་འཁོར། ཉིན་ལྟར་ཁ་གསབ་བྱེད་དགོས།

ཁ་གསབ་བྱེད་དགོས་པའི་བཟའ་བཅའ། འོ་མ་དང་། སྲོག་ཆགས་ཀྱི་མཆིན་པ། སྒོ་ང། ཤ་སྣག གྲོ་ལྤགས། སྲན་སེར། བ་དམ་བཅས་སོ།

【རིགས་གཅིག་མཁས་ཅན་གྱི་དྲན་སྐུལ】

འཚོ་བཅུད་B2འཇོམ་བྱེད་ནི་སྨུག་རྒྱུའི་འོད་དང་། ཆུ། བུལ་གཤིས་དངོས་རྫས། ཧོང་ཨན་རིགས་ཀྱི་སྨན་རྫས་དང་ཅིའུ་ཅིང་བཅས་རེད། སྦྲུམ་འགོག་སྨན་ཟ་བ་དང་། སྦྲུམ་དུས་དང་འོ་མ་སྟེར་མཁན་གྱི་བུད་མེད་ཚོས་འཚོ་བཅུད་B2མང་ཙམ་གསབ་དགོས་པ་དང་། སེམས་འཚབ་སླ་བ་དང་གནོན་ཤུགས་ཆེ་བའི་མིས་ཟ་ཚད་མང་དུ་འོས་འཚམ་གཏོང་དགོས།

ཡེ་སོན(འཚོ་བཅུད་B11)

ནུས་པ། ཟུངས་ཁྲག་ཟད་པ་སྔོན་འགོག་དང་ཕྲ་ཕུང་དང་རིམས་འགོག་མ་ལག་གི་བྱེད་ནུས་ལ་སྲུང་སྐྱོང་བྱེད་ཐུབ།

འཚོ་བཅུད་མ་འདང་བའི་ནད་རྟགས། ཟུངས་ཁྲག་ཟད་པ་དང་། ཁ་ཤུ་སྐྱེ་བ། གཟུགས་པོའི་སྟོབས་ཞན་པ། གཉིད་མི་ཁུག་པ། བརྗེད་ངད་ཆེ་བ། སེམས་མི་བདེ་བ་བཅས་སོ།

ཁ་གསབ་ཀྱི་དུས་འཁོར། ཉིན་རེར་ཐེངས་2ནས་3བར།

ཁ་གསབ་བྱེད་དགོས་པའི་བཟའ་བཅའ། སྔོ་ཚལ་དང་། ཀྲོ་མ་ཀྲུ། གོ་སྙོད། སྲན་སེར། གྲོ་ལྤགས་བཅས་སོ།

【རིགས་གཅིག་མཁས་ཅན་གྱི་དྲན་སྐུལ】

ཡེ་སོན་གྱིས་སྦྲུམ་མར་ཕན་ཆེན་པོ་ཐོགས་ཀྱི་ཡོད་པ་སྟེ། མངལ་ཆགས་དུས་ཀྱི་ཕྲུ་གུ་ཡ་མ་གཟུགས་མ་ཆགས་སྔོན་འགོག་བྱེད་ཐུབ།

འཚོ་བཅུད་C

ནུས་པ། རྨ་ཁ་སོས་པ་དང་ངལ་དུབ་སེལ་བ་མ་ཟད། ནད་འགོག་གི་ནུས་པ་ཆེ་རུ་གཏོང་ཐུབ་ལ། མིའི་གཟུགས་པོའི་ནང་གི་ནད་འགོག་མ་ལག་སྲུང་སྐྱོང་དང་ལྷག་པར་དུ་གནོན་ཤུགས་ཆེ་བའམ་ལུས་ཤུགས་ཆེན་པོ་འདོན་སྐབས(དཔེར་ན་ལུས་རྩལ་རྩེ་སྐབས)ནད་འགོག་གི་ནུས་པ་ཆེ་རུ་གཏོང་ཐུབ།

འཚོ་བཅུད་མ་འདང་བའི་ནད་རྟགས། སོ་རྙིལ་སྨུག་པོ་ཆགས་ནས་སྐྲངས་པ་དང་ཁྲག་འདོན་སླ་བ། རྨ་ཁ་སོས་དཀའ་བ། ཕྱི་རོལ་གྱི་ཁོར་ཡུག་འགྱུར་ལྡོག་དང་བསྟུན་མི་ཐུབ་པས་ཆམ་པ་ཕོག་སླ་པོ་ཡོད།

ཁ་གསབ་ཀྱི་དུས་འཁོར། ཉིན་རེར་ཐེངས་2ཡན།

ཁ་གསབ་བྱེད་དགོས་པའི་བཟའ་བཅའ། སྔོ་ཚལ་དང་འདྲེ་ཚེར་མའི་རིགས་ཀྱི་ཤིང་ཏོག

【རིགས་གཅིག་མཁས་ཅན་གྱི་དྲན་སྐུལ】

རབ་བྱུང་ན་རང་བྱུང་རྩི་ཤིང་ནས་བཏོན་པའི་འཚོ་བཅུད་Cབཟའ་དགོས།

འཚོ་བཅུད་E

ནུས་པ། དབྱང་འགྱུར་འགོག་པའི་ནུས་པ་ལྡན་ལ། རྒས་འགོག་དང་ཀླད་རྙིང་ཁྲག་རྩར་སྲུང་སྐྱོང་བྱེད་ཐུབ།

འཚོ་བཅུད་མ་འདང་བའི་ནད་རྟགས། རྐང་ལག་ལ་ཤུགས་མེད་པ་དང་། རྔུལ་ཆུ་ཐོན་སླ་བ། པགས་པ་སྐམ་ཤས་ཆེ་བ། སྐྲ་ཁ་དབྲལ་དུ་འགྲོ་བ། ཟླ་མཚན་སླེབས་དུས་ན་བ་བཅས་སོ།

ཁ་གསབ་ཀྱི་དུས་འཁོར། ཉིན་རེར་ཐེངས་1ནས་2བར།

ཁ་གསབ་བྱེད་དགོས་པའི་བཟའ་བཅའ། གྲོ་དང་། འབྲས་ཀྱི་ཞག་ཚི། སྒོ་ང། སྲོག་ཆགས་ཀྱི་མཆིན་པ། ཤ་རིགས་བཅས་སོ།

【རིགས་གཅིག་མཁས་ཅན་གྱི་དྲན་སྐུལ】

སྦྲུམ་འགོག་སྨན་བཟའ་བཞིན་པའི་བུད་མེད་དང་། སྦྲུམ་མ། འོ་མ་སྟེར་མཁན། ལོ་ན་བརྗེ་དུས་བཅས་ཀྱི་བུད་མེད་ཀྱིས་འཚོ་བཅུད་Eཟ་ཚད་མང་དུ་འོས་འཚམ་གཏོང་དགོས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

<pmargin: 10px="" 0px;="" padding:="" outline:="" max-width:="" 100%;="" box-sizing:="" border-box;="" overflow-wrap:="" break-word="" !important;="" clear:="" both;="" min-height:="" 1em;="" font-style:="" normal;="" font-variant-ligatures:="" font-variant-caps:="" font-weight:="" 400;="" orphans:="" 2;="" text-indent:="" text-transform:="" none;="" white-space:="" widows:="" word-spacing:="" -webkit-text-stroke-width:="" background-color:="" rgb(220,="" 239,="" 239);="" text-decoration:="" text-align:="" right;="" font-size:="" 16px;="" caret-color:="" rgb(51,="" 51,="" 51);="" color:="" font-family:="" "segoe="" ui",="" "lucida="" grande",="" helvetica,="" arial,="" "microsoft="" yahei",="" freesans,="" arimo,="" "droid="" sans",="" "wenquanyi="" micro="" hei",="" "hiragino="" sans="" gb",="" gb="" w3",="" fontawesome,="" sans-serif;="" letter-spacing:="" -webkit-tap-highlight-color:="" rgba(0,="" 0,="" 0);"="">