ལུས་ཕུང་བདེ་ཐང་ལ་ཕན་པའི་ཤེས་བྱ་ཕྲན་བུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-10   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

1.སྒོག་པའི་ནང་དུ་ནད་དུག་འགོག་པའི་གྲུབ་ཆ་ཕུན་སུམ་ཚོགས་པ་འདུས་པས། མིའི་རིམས་འགོག་གི་ནུས་པ་བསྐྱེད་ལ། དུས་ཚིགས་འགྱུར་བའི་སྐབས་སུ་མང་དུ་བསྟེན་ན་ཆམ་རིམས་སོགས་འགོག་པར་ཕན།

2.ཆང་འཐུང་དུས་སྲེག་ཟས་བསྟེན་མི་རུང་། ཆང་འཐུང་དུས་མིའི་ཁྲག་རྒྱུན་གྱི་ཧ་ཡང་གི་རྒྱུ་ཇེ་མཐོར་འགྲོ་བ་དང་། སྲེག་ཟས་ནང་གི་སྐྱེ་ལྡན་ཨན་ཞེས་པའི་རྫས་དེ་དང་འདྲེས་ཏེ་འཇུ་བྱེད་མ་ལག་གི་ནད་སློང་བ་ཡིན།
3.བཟའ་བཏུང་བསྟེན་དུས་ཞིབ་ལྡད་འཇམ་མིད་ཀྱིས་བསྟེན་པ་ལས། མྱུར་བར་བསྟེན་མི་རུང་། ཟས་དང་མཆིལ་ཟེགས་ཡོངས་སུ་འདྲེས་པར་བྱས་ན། མཆིལ་ཟེགས་ཁྲོད་ཀྱི་རྩབས་ཀྱིས་ཟས་འཇུ་ལ། འབྲས་སྐྲན་སོགས་འགོག་པའི་ནུས་པའང་འདོན་པར་བྱེད།

图片

4.མགོ་སྐྲ་བཀྲུ་དུས། ཆུ་ཁོལ་དྲོ་འཇམ་གྱི་ནང་ལ་ཚྭ་བཏབ་ན། སྐྲ་ཤུད་པ་འགོག་པར་མ་ཟད། སྐྲ་གཙང་མ་ཡོང་བར་ཡང་ཕན།
5.སྦངས་ཟིན་པའི་ཇ་ལོ་བསྐམས་ནས་སིང་རས་ཀྱིས་བཏུམས་པ་དང་། དེ་ནས་འཁྱག་སྒམ་གྱི་ནང་དུ་བཞག་ན། ཉ་དང་ཤ་སོགས་ཀྱི་དྲི་ངན་སེལ་བར་ཕན།
6.ངོ་མདངས་ཡག་པོ་ཡོང་བ་ལ། སྔོ་ཚོད་དང་སིལ་ཏོག་མང་དུ་བསྟེན་ན་ཕན། འཚོ་བཅུདCདང་འོ་མ་སོགས་རྒྱུན་པར་བསྟེན་པ་དང་། དམར་ཟས་དང་སྣུམ་བཅུད་ཆེ་བའི་རིགས་ཉུང་དུ་བསྟེན་ན་སྐྱི་མོའི་ཁྲ་ཐིག་བསང་བར་བྱེད།

图片

7.ཚ་བ་ཆེ་དུས་དྲོད་སྙོམས་འཕྲུལ་ཆས་བསྟེན་ཡུན་རིང་ན་ལྡོག་སྟེ་ཙད་གདུག་ཕོག་ཉེན་ཆེ། ཁྱིམ་དང་གཞུང་ལས་ཁང་ནས་ཚྭ་ཆུ་དྲོན་མོ་མང་དུ་བསྟེན་ན་ཙད་གདུག་འགོག་པར་ཕན།
8.སྐྱི་མོར་རྨ་ཁ་བཟོས་ཚེ། ཐད་ཀར་རྨ་ཐོག་ལ་སྦྱར་ཆོག་པའི་སྦྱོར་སྨན་རིགས་བསྟེན་ན་མི་ལེགས་པར། སྨན་ཆུ་སྨིག་པོ་གཏུགས་ནས་གཉན་ཁ་གཅོག་པ་དང་། དེ་ནས་རྨ་ཁ་རང་བཞིན་གྱིས་སེལ་དུ་བཅུག་ན་བཟང་།