བདེ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་ཀ་ལ་སྐུལ་འདེད་གཏོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་སྔོན། བདེ་ཆེན་ཁུལ་གྱིས་《བདེ་ཆེན་ཁུལ་གྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་ཀའི་རིམ་སྤོར་པར་གཞི་བཞེངས་སྐྲུན་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་(2023—2025ལོ)》གཏན་འབེབས་བྱས་ནས་དངོས་སུ་བཏོན་པ་རེད། ཇུས་གཞི་དེ་ཡིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་རྒྱུ་གཙོ་ཐིག་ཏུ་བྱས་པ་དང་། སྲོག་ཤིང་ལ་བརྩི་བཀུར་དང་སེམས་པ་པེ་ཅིང་ལ་ཁ་ཕྱོགས་ཞེས་པ་གཙོ་ཁྲིད་བྱས་ནས། གོ་དོན་དང་རྣམ་པ། བྱེད་ཐབས་སོགས་ལྷུ་ཚིགས་ནས་འགོ་ཚུགས་ཏེ། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་དང་རིམ་མཐོ་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་ཀའི་རིམ་སྤོར་པར་གཞི་བཞེངས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལགྱི་ཚད་གཞི་འཛུགས་སྐྲུན་བྱེད་པ་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
图片
    ཇུས་གཞིར་2025ལོར་ཟིན་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སྔར་ལས་མི་སེམས་སུ་ཟུག་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་གཏིང་དུ་ཟུག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། གསར་གཏོད་ལས་ཀའི་སྒྲིལ་སྲོལ་དང་ནང་རྐྱེན་གཞི་རྩའི་ཆ་ནས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྲོག་ཤིང་ལ་བརྩི་བཀུར་དང་སེམས་པ་པེ་ཅིང་ལ་ཁ་ཕྱོགས་ཞེས་པ་གཙོ་ཁྲིད་བྱེད་པའི་གསར་གཏོད་སྤུས་རྟགས་དེ་བས་མངོན་གསལ་དོད་པ། མི་རིགས་སོ་སོའི་མང་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་མཉམ་གནས་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱེད་པ། རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཁས་ལེན་བྱེད་སེམས་སྔར་ལས་བརྟན་དུ་གཏོང་བ་བཅས་མངོན་གསལ་འབྱུང་རྒྱུ་ཡིན་པར་ཁ་གསལ་བཏོན་ཡོད།
图片
    ཇུས་གཞིར། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་ཀའི་རིམ་སྤོར་པར་གཞི་བཞེངས་སྐྲུན་བྱེད་པ་ཡིས་ནང་དོན་ཟབ་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཏེ། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གཞི་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་ལས་གཞི། རིག་གནས་དམངས་ཕན་ལས་གཞི་སོགས་ལག་བསྟར་གཏིང་ཟབ་བྱེད་དེ་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
    ཇུས་གཞིར་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་ཀའི་རིམ་སྤོར་པར་གཞི་བཞེངས་སྐྲུན་བྱེད་པ་ཡིས་རྣམ་པ་ཕུན་སུམ་ཚོགས་པོར་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཏེ། ཁོངས་ཡོངས་ཀྱིས་གསར་གཏོད་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་པ་དང་ཧུར་ཐག་སྒོས་ལས་རིགས་མ་ལག་གིས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
图片
    ཇུས་གཞིར་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་ཀའི་རིམ་སྤོར་པར་གཞི་བཞེངས་སྐྲུན་བྱེད་པ་ཡིས་བྱེད་ཐབས་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཏེ། མི་རིགས་སོ་སོའི་གཞོན་ནུ་ལོ་ཆུང་གིས་སྤེལ་རེས་འཆར་གཞི་དང་མི་རིགས་སོ་སོའི་མང་ཚོགས་ཕན་ཚུན་སྦྱོར་བའི་རྣམ་པའི་འཕེལ་རྒྱས་འཆར་གཞི། ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་བཅས་ཀྱི་འཆར་གཞི་སྣ་གསུམ་ལག་བསྟར་བྱེད་དེ། ཕན་ཚུན་སྦྱོར་བའི་རྣམ་པའི་སྤྱི་ཚོགས་སྒྲིག་གཞི་དང་སྡེ་ཁུལ་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མི་རིགས་སོ་སོའི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྐྱིད་བཅས་བྱེད་དུ་འཇུག་རྒྱུ་ཡིན་པར་ཁ་གསལ་བཏོན་ཡོད།