བཀྲ་ཤིས་དྲེལ་པ་ལུང་པར་གཞས་འཁྲབ་སྟོན་དང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། འཇོལ་རྫོང་ཐང་སྟེང་ཤང་དང་བྲག་ཞབས་ཤང་གིས་མཉམ་འབྲེལ་ཐོག་གཉེར་བའི་བཀྲ་ཤིས་དྲེལ་པ་ལུང་པར་གཞས་འཁྲབ་སྟོན་དང་སྤེལ་རེས་བྱེད་སྒོ་སྐབས་གཉིས་པ་ཐང་སྟེང་ཤང་དུ་སྤེལ་བ་དང་། ཁུལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་གཞས་འཁྲབ་མཁན་དཔུང་ཁག21གི་རུ་མི800ལྷག་ཙམ་ཐང་སྟེང་ཤང་གི་རིག་གནས་ཐང་ཆེན་དུ་འཛོམས་ནས་ས་གནས་དེ་གའི་མང་ཚོགས་ལ་གཞས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཕུལ་བ་རེད།
图片
图片
图片
    ད་ཐེངས་ཀྱི་སྤེལ་རེས་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་“མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། བློ་སེམས་གཅིག་མཐུན་གྱིས་རྒྱང་སྐྱོད་ལམ་བུ་གསར་བ་མདུན་དུ་སྐྱོད་ནས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་”ཞེས་པ་དེ་རེད། བྱེད་སྒོའི་ཐོག་མང་ཚོགས་ཀྱིས་རང་ཉིད་མངོན་པ་དང་། རང་ཉིད་མཚོན་པ། ཕན་ཚུན་སྤེལ་རེས་བཅས་ཀྱི་རྣམ་པའི་ཐོག་ནས་མཉམ་དུ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་ཏེ་“བཀྲ་ཤིས་དྲེལ་པ་ལུང་”གི་ཁྱད་ལྡན་རིག་གནས་སྤུས་རྟགས་གཏོད་རྒྱུར་རོགས་རམ་བྱས་ཡོད།
图片
图片
    གོམ་སྟབས་རྗེས་མར་ཐང་སྟེང་ཤང་དང་བྲག་ཞབས་ཤང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ཏང་གི་གསུང་སྒྲ་བཟང་པོ་དང་སྲིད་ཇུས་བཟང་པོ་གཞི་རིམ་དུ་ཟབ་ཞུགས། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས། མཐའ་སེམས་ལ་ཟུག་པ་བྱས་ཏེ་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་གྲོང་གསེབ་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སྲོལ་རྒྱུན་གྱི་ཁྱད་ལྡན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་པའི་ཚོར་སྣང་དང་བདེ་སྐྱིད་ཀྱི་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣན་རྒྱུ་ཡིན་པ་རེད།