རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོའི་དུས་ཚིགས་དང་པོར། བདེ་ཆེན་ཁུལ་གྱི་པོ་ཏ་མཚོ་ལྗོངས་ཁུལ་དང་སྨན་རི་རྒྱལ་ཁབ་སྤྱི་གླིང་། ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་། ཤམ་བྷ་ལ་དུས་འཁོར་བློས་བསླངས། ཆུ་དཀར་ཆུ་ནག་བཅས་ལྗོངས་ཁུལ་ལྔ་ཡིས་ཡུལ་སྐོར་བ་མི་ཐེངས་633611སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་5632.7ཟིན་པ། ཡུལ་སྐོར་སྣེ་ལེན་བྱེད་ཚད་2019ལོའི་དུས་མཉམ་ལས་491%འཕར་བ། བསྡོམས་རྩིས་བྱས་ནས་ཡོང་འབབ་2019ལོའི་དུས་མཉམ་ལས་114%འཕར་བ་དང་2022ལོའི་དུས་མཉམ་ལས་367%འཕར་བ།
དེའི་ནང་། ཆུ་དཀར་ཆུ་ནག་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་2.79སྣེ་ལེན་བྱེད་པ་དང་། 2019ལོའི་དུས་མཉམ་ལས་158%འཕར་བ། 2022ལོའི་དུས་མཉམ་ལས་795%འཕར་བ།ཡོང་འབབ་སྒོར་ཁྲི་68.85ཟིན་པ་དང་། 2019ལོའི་དུས་མཉམ་ལས་149%འཕར་བ། 2022ལོའི་དུས་མཉམ་ལས་834%འཕར་བ། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1012.13ཟིན་པ་དང་། 2022ལོའི་དུས་མཉམ་ལས་1200.48%འཕར་བ། ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་གི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་64.2ཟིན་པ་དང་། 2019ལོའི་དུས་མཉམ་ལས་151%འཕར་བ།2022ལོའི་དུས་མཉམ་ལས་164%འཕར་བ། སྨན་རི་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་སྐོར་བ་ཁྲི་7.5སྣེ་ལེན་བྱས་པ་དང་། 2019ལོའི་དུས་མཉམ་ལས་441%འཕར་བ། 2022ལོའི་དུས་མཉམ་ལས་341%འཕར་བ།
པོ་ཏ་མཚོ་ལྗོངས་ཁུལ་དང་ཤམ་བྷ་ལ་དུས་འཁོར་བློས་བསླངས་སོགས་ཆ་རྐྱེན་ལྡན་པའི་ལྗོངས་ཁུལ་གྱིས་“ཤེས་རིག་+ལྗོངས་ཁུལ་”ཞེས་པའི་རྣམ་པ་གསར་པ་ཐོག་མར་གསར་གཏོད་བྱས་ནས་ཤེས་རིག་ཅན་གྱི་ལྗོངས་ཁུལ་སྐྲུན་པ་རེད།