སེམས་ཀྱི་ཉི་ཟླས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་"མང་ཚོགས་ཉུང་ཚོགས། ཁྱད་ལྡན། སྐྱེ་ལྡན། རྩེར་སོན། སྤུས་ལེགས་"བཅས་ཀྱི་དམིགས་འབེན་ལ་དམིགས་ནས། ས་མཐོའི་ཁྱད་ལྡན་ཞིང་ལས་ལྗང་མདོག་ཅན་དང་། རྩེར་སོན་ཅན།  སྤུས་རྟགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

        ཐོན་ལས་ཀྱི་བཀོད་པ་ལེགས་སུ་བཏང་བ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་ལས་ཐོན་ཁུངས་ཀྱི་པར་རིས་གཅིག་དང་ཐོན་ལས་འཕེལ་རྒྱས་ཀྱི་རེའུ་མིག་གཅིག་བསྐྲུན་ནས་ས་མཐོའི་རགས་ཁུལ་དང་རི་ཕྱེད་ས་ཁུལ། གྲོག་རོང་ས་ཁུལ་གྱི་ཐོན་ལས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་ཞིང་ལས་ཐོན་ལས་གླིང་གི་རྣམ་གྲངས་རེ་ཞུ་ཧུར་ཐག་བྱས་པ། ཀྲུང་ལུགས་སྨན་རྒྱུ་དང་ནས། ཞོག་ཁོག་སོགས་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་35དང་། འབྲི་གཡག་དང་བོད་ཕག ཡུལ་བྱ་སོགས་ཁྱད་ལྡན་གསོ་ཚགས་རྟེན་གཞི་25 ལྗང་མདོག་ཟས་རིགས་སྤུས་རྟགས་ཀྱི་ཐོན་ལས་རྟེན་གཞི་4བཅས་གསར་སུ་སྐྲུན་པ།

        གཙོ་གནད་ཐོན་ལས་འཕེལ་རྒྱས་གཏོང་བ་ལ་དམིགས་པ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མུ་མཐུད་ནས་གཡག་གསོ་ཚགས་གཙོ་བོར་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱ། ཀྲུང་ལུགས་སྨན་རྒྱུ། ས་མཐོའི་འབྲུ་རིགས་དཀྱུས་མ། སྔོ་ཚལ། ཤིང་རིགས་སྣུམ་རྒྱུ། ས་མཐོའི་ཤིང་འབྲས། རྡོ་ཐ་སོགས་ལེགས་ལྡན་ཁྱད་ལྡན་ཐོན་ལས་སྲ་བརྟན་དུ་བཏང་བ་དང་། "རྫོང་གཅིག་ལ་ལས་རིགས་གཅིག་"རྒྱུན་མཐུད་ངང་སྟོབས་ཆེར་བཏང་ནས་རྒྱལ་ཐང་འབྲི་གཡག་རྒྱུད་སྲུང་གསོ་སྤེལ་དཔེ་སྟོན་གླིང་དང་། ཅིན་ཅང་ཁྱད་ལྡན་བཤས་ཟོག་གསོ་སྤེལ། བདེ་ཆེན་བོད་ཕག་གསོ་སྤེལ་རྟེན་གཞི། གཟན་ཆག་ལས་སྣོན་བཟོ་ཁང་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་གསོ་སྤེལ་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6ལས་མི་དམའ་བའི་འགན་ལེན་ཏན་ཏིག་བྱས་པ། ས་མཐོའི་ཐོན་ཁུངས་དང་གནམ་གཤིས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་དེ་ཤིང་ཏོག་ལན་མའི་དང་ཁྲེ་ལི་ཙི་སོགས་དུས་ཚིགས་ལྡོག་པའི་ས་མཐོའི་རྩེར་སོན་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྔོ་ཚལ་དང་ཤིང་འབྲས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཡན་ཟིན་པར་འགན་ལེན་བྱས་པ། བེ་ཤ་དང་དབྱར་རྩྭ་དགུན་འབུ་སོགས་རི་སྐྱེས་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ཁམས་མཚོན་རྟགས་ཀྱི་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བེ་ཤ་ཐོན་ཁུལ་གལ་ཆེན་དང་བཟའ་བྱའི་ཤ་མོའི་སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་བཏང་བ། ཞིང་ལས་ཐོན་རྫས་མཛོད་འཇུག་དང་འཁྱགས་སྦྲེལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། "གློག་རྡུལ་ཚོང་དོན་ཐོན་ལས་གླིང་+མཉམ་ལས་ཁང་+ཞིང་དུད་"བཅས་ཀྱི་མངག་ཐོ་འདེབས་འཛུགས་རྟེན་གཞི་1བསྐྲུན་པ། ཤང་དང་གྲོང་རྡལ་ཁག་གི་གྲོང་ཚོ་རིམ་པའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ།

        ཞིང་ལས་གཉེར་སྐྱོང་བྱེད་པོར་རོགས་སྐྱོར་བྱེད་ཤུགས་ཆེར་བཏང་བ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་"འབྲེལ་ཐག་གཙོ་བོའི་"ཁེ་ལས་ཁག་གཅིག་ལེགས་འདེམས་གསོ་སྐྱོང་བྱས་ཏེ་སྣེ་འདྲེན་ཁེ་ལས་དང་སྤུས་ལེགས་ཐོན་རྫས་ཀྱི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ། ཞིང་ཆེན་རིམ་པ་ཡན་གྱི་ཞིང་ལས་སྣེ་འདྲེན་ཁེ་ལས་3སྐྱེད་སྲིང་བྱས་པ་དང་ལྗང་མདོག་སྐྱེ་ལྡན་དཔང་དངོས་བདེན་པ་ཡིན་པའི་ཞིང་ལས་ཐོན་རྫས་5གསར་སྣོན་བྱས་ཡོད།