2023སེམས་ཀྱི་ཉི་ཟླའི་སྟག་མའི་དུས་ཚིགས་བསུ་བའི་མཛད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་4པའི་ཚེས་18ཉིན་གྱི་སྔ་དྲོ་བདེ་ཆེན་ཁུལ་ཨུད་དྲིལ་བསྒྲགས་པུའུ་དང་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ། སྲོང་བཙན་ཚོགས་པ་དང་ཡུན་ནན་ཞིང་ཆེན་ཁན་ལུའི་ཚོགས་པ། ཁྱུག་དབྱིངས་འཚོ་བའི་ཞབས་ཞུ་སྒྲུབ་འགན་འཁུར་བའི2023སེམས་ཀྱི་ཉི་ཟླའི་"སྟག་མའི་དུས་ཚིགས་”དང་སེམས་འགུལ་ཐེབས་པའི་དམིགས་ཡུལ་སེམས་ཀྱི་ཉི་ཟླ་ས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྤེལ་བ་རེད།

        བདེ་ཆེན་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་བྱེད་སྒོར་ཕེབས་པ་དང་འབྲེལ་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བ། སྲོང་བཙན་ཚོགས་པ། ཡུན་ནན་ཞིང་ཆེན་ཁན་ལུའི་ཚོགས་པ། ཁྱུག་དབྱིངས་འཚོ་བའི་ཞབས་ཞུའི་མགྲོན་ཁང་དང་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་མི་སྣ་དང་མཉམ་དུ་2023སེམས་ཀྱི་ཉི་ཟླའི་"སྟག་མའི་དུས་ཚིགས་"ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན་2023སེམས་ཀྱི་ཉི་ཟླའི་"སྟག་མའི་དུས་ཚིགས་"དང་སེམས་འགུལ་ཐེབས་པའི་དམིགས་སའི་ཡུལ་སེམས་ཀྱི་ཉི་ཟླ་ས་ཚིགས་ཀྱིས་བདེ་ཆེན་གྱི་སྟག་མའི་མེ་ཏོག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སྟག་མའི་མེ་ཏོག་བཞད་པའི་དུས་སུ་དྲིལ་བསྒྲགས་ཀྱི་ཚ་རླབས་འཕྱུར་བ་བྱས་ནས་ཡུལ་སྐོར་བ་དེ་བས་མང་བས་སེམས་ཀྱི་ཉི་ཟླ་ལ་དོ་ཁུར་དང་མྱོང་ཚོར་ཐུབ་པ་བྱ་རྒྱུ་རེད། "ཐོན་རྫས་ཅན་དང་། ནང་དོན་ཅན། རྣམ་པ་ཅན་"བཅས་གནད་ཚིག་གསུམ་ལ་དམིགས་ནས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་དམིགས་ཡུལ་ས་གནས་ཀྱི་ཡུལ་སྐོར་ནང་དོན་ཁག་ཅིག་འདོན་པ་དང་། མཚོན་བྱེད་རང་བཞིན་ལྡན་པའི་ཡུལ་སྐོར་ལམ་ཐིག་དང་ཡུལ་སྐོར་ཐོན་རྫས་ཁག་ཅིག་འདོན་པ། ཁྱུག་དབྱིངས་ཐོག་ནས་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་དམིགས་འབེན་ས་གནས་ཀྱི་གྲོང་ཁྱེར་མཐོང་ཐུབ་པ་དང་བསྔགས་བརྗོད་ཚོང་གཉེར་ཐུབ་པ་བཅས་བྱ་དགོས། དེ་དང་ཆབས་ཅིག་སྟག་མའི་དུས་ཚིགས་དང་ཟུང་འབྲེལ་བྱས་ནས་ཆེད་གཏོགས་ཀྱི་སེམས་ཀྱི་ཉི་ཟླའི་མེ་ཏོག་ལ་རོལ་མྱོང་བྱེད་པའི་ལམ་ཐིག་ཁྱབ་བསྒྲགས་བྱས་ཏེ་བརྡར་པ་མི་སྣ་གདན་དྲངས་ནས་དྲ་འོག་གི་དབྱིངས་ཞུགས་ལམ་ཐིག་ཉམས་ལེན་བྱས་ཏེ་དམིགས་ཡུལ་ས་གནས་ཀྱི་དྲིལ་བསྒྲགས་དང་ཁྱབ་གདལ་ལ་ཐུན་མོང་ཐོག་དཔྱད་བསྡུར་བྱེད་པ་དང་སྤུས་ལེགས་ཀྱི་ནང་དོན་གཏོད་པ། སེམས་ཀྱི་ཉི་ཟླའི་དམིགས་ཡུལ་ས་གནས་ཀྱི་རྒོལ་ཐབས་ཀྱི་ཆ་འཕྲིན་ཁྱབ་སྤེལ་ལ་ཐུན་མོང་ཐོག་རོགས་རམ་བྱས་ནས་དར་ཆེའི་རྒོལ་ཐབས་ནང་དོན་ཐོན་པ་བྱས་ཏེ་ཁྱུག་དབྱིངས་སྙོམས་སྒྲིག་རང་བཞིན་ལྡན་པའི་སེམས་ཀྱི་ཉི་ཟླའི་དམིགས་ཡུལ་གཏོད་དགོས།