བདེ་ཆེན་གྱིས་ཕྱོཊ་བཞིའི་ཐད་ནས་ཡུལ་སྐོར་ལ་སྐུལ་འདེད་བཏང་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-25   རྩོམ་ཁུངས།    སེམས་ཀྱི་ཟླ་བོད་ཡིག་དྲ་བ།

2023ལོར་བདེ་ཆེན་ཁུལ་གྱིས“ཡུལ་སྐོར་ཁྲོམ་རའི་གཉེར་ཚོང་དབོར་འདྲེན”དང“ཡུལ་སྐོར་ཁྲོམ་རའི་ཚད་ལྡན་དོ་དམ”དེ་ལོ་ཧྲིལ་པོའི་ལྟེ་བའི་ལས་ཀའི་ཁ་ཕྱོགས་དང་ལྟེ་བའི་ལས་ཀའི་ལས་འགན་དུ་བརྩིས་ནས་བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་པར་ཧུར་ཐག་བྱ་རྒྱུ་རེད། འབྱུང་འགྱུར་གྱི་ལོ་གསུམ་ནང་བདེ་ཆེན་ཁུལ་གྱིས“སྟག་མའི་མེ་ཏོག་གི་དུས་ཚིགས”དང་། “གངས་རིའི་དུས་ཚིགས”“བྱ་གཟིགས་དུས་ཚིགས”སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཡུལ་སྐོར་གྱི་ཞན་ཆ་གསབ་ནས་བདེ་ཆེན་ཡུལ་སྐོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།

    གཙོ་གནད་ཕྱོགས་བཞིའི་འཇུག་སྒོའི་ལས་དོན་དམ་འཛིན་བྱེད་དགོས།

   ཐོན་རྫས་མ་ལག་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱ་དགོས།བདེ་ཆེན་ཁུལ་གྱི་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་བསྐྲུན་དགོས། སྤྲོ་གསེང་དང་། རི་ཁུལ་ལུས་རྩལ། སྤྲོ་གསེང་ཉམས་ལེན་སོགས་ཀྱི་ཡུལ་སྐོར་ཐོན་ས་གསར་སྤེལ་ཤུགས་ཆེན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དང་། རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་སོགས་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་ཁག་ཅིག་གསར་སྐྲུན་ཧུར་ཐག་བྱ་དགོས།

    ཡུལ་སྐོར་འགྲིམ་འགྲུལ་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱ་དགོས།སི་ཁྲོན་དང་། བོད་ལྗོངས། ས་དམ། ནུའུ་ཅང་སོགས་འབྲེལ་མཐུད་ཞིང་ཆེན་དང་། ཁུལ(གྲོང་ཁྱེར)གྱི་རིམ་མཐོའི་གཞུང་ལམ་འབྲེལ་མཐུད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ལྕགས་ལམ་དང་། མྱུར་བགྲོད་གཞུང་ལམ། གནམ་གྲུ་འབབ་ཐང་བཅས་ཀྱི་ཡུལ་སྐོར་ཁུལ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཕྱི་ཕྱོགས་དང་འབྲེལ་གཏུག་མང་བའི་འགྲིམ་འགྲུལ་གྱི་རྣམ་པ་ཆགས་པར་བྱ་དགོས།

    དོ་དམ་ཞབས་ཞུ་རིམ་སྤར་ལས་གྲྭ་ལག་བསྟར་བྱ་དགོས།ཁུལ་དང་རྫོང་(གྲོང་ཁྱེར་)རིག་གནས་ཁང་དང་། དཔེ་མཛོད་ཁང་། གྲོང་སྡེའི་ལོ་རྒྱུས་ཁང་བཅས་ལེགས་བཅོས་དང་། ཁུལ་དང་རྫོང་(གྲོང་ཁྱེར་)ཡོངས་སུ་ཁྱབ་པའི་ཡུལ་སྐོར་བློ་འདྲིའི་ལྟེ་གནས་ཀྱི་དྲ་བ་འཛུགས་དགོས། རིག་གནས་ཡུལ་སྐོར་ས་ཚིགས་དང་། ཡུལ་སྐོར་འདུ་འགྲེམས་ལྟེ་གནས། ཡུལ་སྐོར་གསང་སྤྱོད། ལྟ་སྐོར་སྟེགས་བུ། རླངས་འཁོར་འཇོག་ས། གྲངས་འཛིན་ཡུལ་སྐོར་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།
    རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འགན་སྲུང་ལས་གྲྭ་ལག་བསྟར་བྱ་དགོས། “ཡུལ་སྐོར་+”དང་“+ཡུལ་སྐོར་”མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། དཔེ་སྟོན་སྐུལ་ཁྲིད་རང་བཞིན་ཅུང་ཆེ་བའི་ཐོན་ལས་གླིང་ཁུལ་གསར་པ་ཁག་ཅིག་འཛུགས་སྐྲུན་བྱེད་པ། ཞབས་ཞུའི་ཆུ་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཁེ་ལས་ཁག་ཅིག་སྐྱེད་སྲིང་བྱེད་པ། ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་འཛད་སྤྱོད་ཁུལ་དང་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཁྲོམ་ཁུལ་ཁག་ཅིག་འཛུགས་སྐྲུན་བྱེད་པ། ཡིད་དབང་འཕྲོག་པའི་ཡུལ་སྐོར་ལས་རྣམ་གསར་པ་དང་ཐོན་རྫས་ཁག་ཅིག་ཞིབ་འཇུག་དང་གསར་སྤེལ་བྱེད་དགོས།