ལྔ་གཅིག་གུང་གསེང་རིང་ཡུལ་སྐོར་བ་མང་ཤོས་ཀྱི་མཛེས་ལྗོངས་ཁུལ་བཅུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-03   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        ལྔ་གཅིག་རིང་གི་ལམ་བུ་འགག་ཚད་དང་ཚང་ཁ་རྒྱག་ཚད་རིམ་བཞིན་ཚུལ་དང་མི་མཐུན་པར་འགྱུར་བཞིན་འདུག རླངས་འཁོར་འགག་པ་དང་མི་ཚོགས་འགག་པ། རྔ་མོང་འགག་པ་སོགས་ག་ས་གང་དུ་མི་ཡིས་ཁེངས་ཡོད། གུང་གསེང་མཇུག་སྒྲིལ་ལ་ཉེ་བས། ད་ཐེངས་ལྔ་གཅིག་རིང་གི་མི་མང་ཤོས་ཀྱི་ས་ཆ་གང་དག་ཡིན་ནམ་ཞེ་ན།
        སྤྱི་ཟླ་4པའི་ཚེས་29ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་སྤྱི་ཟླ་5པའི་ཚེས་1ཉིན་གྱི་ཆུ་ཚོད་16བར་གྱི་རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་མང་ཤོས་ཀྱི་མཛེས་ལྗོངས་ཁུལ་བཅུ་ཡི་མིང་ཐོ་ཕྱིར་བསྒྲགས་བྱས་འདུག དེ་དག་ཁག་སོ་སོ་ནི། ཧང་ཀྲོའུ་ཤིའི་ཧུའུ་མཚེའུ་དང་། ནན་ཅིང་ཕུའུ་ཙེ་ལྷ་ཁང་ཆིན་ཧོའེ་ཡུལ་ལྗོངས་ཁུལ། ནན་ཅིང་ཀྲུང་ཧྲན་མཛེས་ལྗོངས་ཁུལ། པེ་ཅིང་དབྱི་ཧོ་སྐྱེད་ཚལ། ཡུན་ནན་ཏ་ལི་གནའ་གྲོང་། ཤིའི་ཨན་ཏ་ཡན་མཆོད་རྟེན་དང་ཐང་རྒྱལ་རབ་ཀྱི་པད་མའི་སྐྱེད་ཚལ་མཛེས་ལྗོངས་ཁུལ། ཅི་ནན་གནམ་འོག་ཆུ་མིག་དང་པོའི་མཛེས་ལྗོངས་ཁུལ། ཝུའུ་ཧན་ཤར་མཚེའུ་མཛེས་ལྗོངས་ཁུལ། པེ་ཅིང་ཨོ་ལིན་ཕི་ཁེ་སྤྱི་གླིང་། པེ་ཅིང་ཐན་ཐེན་སྤྱི་གླིང་བཅས་ཡིན་པ་རེད།

ཧང་ཀྲོའུ་ཤིའི་ཧུའུ་མཚེའུ།


ནན་ཅིང་ཕུའུ་ཙེ་ལྷ་ཁང་ཆིན་ཧོའེ་ཡུལ་ལྗོངས་ཁུལ།


ནན་ཅིང་ཀྲུང་ཧྲན་མཛེས་ལྗོངས་ཁུལ། 


པེ་ཅིང་དབྱི་ཧོ་སྐྱེད་ཚལ། 


ཡུན་ནན་ཏ་ལི་གནའ་གྲོང་།


ཤིའི་ཨན་ཏ་ཡན་མཆོད་རྟེན་དང་ཐང་རྒྱལ་རབ་ཀྱི་པད་མའི་སྐྱེད་ཚལ་མཛེས་ལྗོངས་ཁུལ། 


ཅི་ནན་གནམ་འོག་ཆུ་མིག་དང་པོའི་མཛེས་ལྗོངས་ཁུལ། 


ཝུའུ་ཧན་ཤར་མཚེའུ་མཛེས་ལྗོངས་ཁུལ། 


པེ་ཅིང་ཨོ་ལིན་ཕི་ཁེ་སྤྱི་གླིང་། 


པེ་ཅིང་ཐན་ཐེན་སྤྱི་གླིང་།
    ད་ཐེངས་ཀྱི་ལྔ་གཅིག་རིང་ཁྱེད་རང་གང་དུ་ཕེབས་ཡོད་དམ། ཡུལ་སྐོར་བ་མང་བའི་མཛེས་ལྗོངས་ཁུལ་དུ་ཚང་ཁ་རྒྱབ་ནས་ཞུགས་དམ་ཡང་ན་ཡུལ་སྐོར་བ་ཉུང་བའི་གནས་མཆོག་གསར་པ་ཞིག་རྙེད་བྱུང་ངམ། གཤམ་གྱི་དཔྱད་བརྗོད་སྤེལ་སར་མཉམ་སྤྱོད་གནང་རོགས།