ཤེས་བྱའི་ཐོན་དབང་ལ་རིགས་གང་དག་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-04   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

 1. རྩོམ་གྱི་བདག་དབང་། རྩོམ་གྱི་བདག་དབང་ལ་པར་དབང་ཡང་ཟེར་ཞིང་། དེ་ནི་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་རྩོམ་རིག་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་བརྩམས་ཆོས་ལ་ཁྲིམས་ལྟར་ལོངས་སུ་སྤྱད་རྒྱུ་ཡོད་པའི་རྒྱུ་ནོར་གྱི་ཁེ་དབང་དང་བསམ་པའི་ཁེ་དབང་གི་སྤྱི་མིང་ལ་ཟེར། དེའི་ནང་གཙོ་བོ་རྩོམ་གྱི་བདག་དབང་དང་དེ་བཞིན་རྩོམ་གྱི་བདག་དབང་དང་འབྲེལ་བ་ཡོད་པའི་དབང་ཆ་གཞན་དག་ཚུད་ཡོད། རྒྱུན་དུ་ང་ཚོས་བརྗོད་པའི་ཤེས་བྱའི་བདག་དབང་ཞེས་པ་ནི་གཙོ་བོ་རྩིས་འཁོར་མཉེན་ཆས་གསར་རྩོམ་གྱི་བདག་དབང་དང་བརྩམས་ཆོས་ཐོ་འགོད་ལ་ཟེར་བཞིན་ཡོད།
    2. བཟོ་ལས་ཐོན་དབང་། བཟོ་ལས་ཐོན་དབང་ཞེས་པ་ནི་བཟོ་ལས་དང་། ཚོང་ལས། ཞིང་ལས། ནགས་ལས་དང་ཐོན་ལས་གཞན་དག་བཅས་ཀྱི་ཁྲོད་དུ་སྤྱོད་གོ་ཆོད་པའི་དཔལ་འབྱོར་གྱི་དོན་སྙིང་ལྡན་པའི་གཟུགས་མེད་ཀྱི་རྒྱུ་ནོར་བདག་དབང་ལ་ཟེར་ཞིང་། དེའི་ནང་གཙོ་བོ་ཆེད་ཁེའི་བདག་དབང་དང་ཚོང་རྟགས་ཀྱི་བདག་དབང་ཚུད་ཡོད།
    མདོར་ན། ཤེས་བྱའི་ཐོན་དབང་ལ་གཙོ་བོ་རིགས་གཉིས་ཡོད་དེ། གཅིག་ནི་རྩོམ་གྱི་བདག་དབང(འདི་ལ་པར་དབང་ངམ་རྩོམ་རིག་ཐོན་དབང་ཡང་ཟེར)དང་། ཅིག་ཤོས་ནི་བཟོ་ལས་ཐོན་དབང(འདི་ལ་ཐོན་ལས་ཐོན་དབང་ཡང་ཟེར)ངོ་། །