ཆོས་དབྱིངས་སྐྱིད་སོགས་ལ“ཀྲུང་གོའི་ན་གཞོན་ལྔ་བཞིའི་བྱ་དགའ”ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-05   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་ཆར། ཀྲུང་གོའི་ན་གཞོན་ལྔ་བཞིའི་བྱ་དགའ་སྐབས27པའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས། 

གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་ཞའོ་ཡུན་དང་ཆོས་དབྱིངས་སྐྱིད། ཏེང་ཞའོ་ཡན་སོགས་བློ་མཐུན30ལ་སྐབས27པའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་བྱ་དགའ་སྤྲོད་རྒྱུ་དང་། མཁའ་འགྲུལ་བཟོ་ལས་ཧྲེན་ཧྥེ་གྲུ་འདེགས་གནམ་གྲུ་ཞིབ་འཇུག་གསར་བཟོ་བྱས་པའི་ལུའོ་དབྱང་ན་གཞོན་འཕྲལ་རྒོལ་རུ་ཁག་དང་བོད་ལྗོངས་རྒྱལ་མཚམས་ནས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཇོ་རིའི་མཐའ་མཚམས་མངག་གཏོང་ཁང་། ཀྲུང་གོ་གྲུ་གཟིངས་སྡེ་ཚོགས་བདུན་བརྒྱད་ཞིབ་འཇུག་སུའོ་ཡི་དམག་གྲུ་ཞིབ་འཇུག་གསར་སྤེལ་ཇུས་འགོད་ཚོགས་པ་སོགས་ན་གཞོན་ཐུན་མོང་ཚོགས་པ19ལ་སྐབས27པའི་ཀྲུང་གོའི་ན་གཞོན་ལྔ་བཞི་ཐུན་མོང་ཚོགས་པའི་བྱ་དགའ་སྤྲོད་རྒྱུ་གཏན་འབེབས་བྱས། 

བྱ་དགའ་ཐོབ་པའི་ན་གཞོན་དང་ཐུན་མོང་ཚོགས་པ་ནི་དུས་རབས་གསར་བའི་ན་གཞོན་ཚོའི་ཕུལ་དུ་བྱུང་བའི་འཐུས་ཚབ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་རེད། ཁོང་ཚོས་མེས་རྒྱལ་དང་ཐུན་མོང་ཐོག་འབད་འཐབ་དང་། དུས་རབས་དང་ཐུན་མོང་ཐོག་འཕེལ་རྒྱས། མི་དམངས་དང་ལས་དབང་གཅིག་མཐུན་བཅས་ཀྱི་མི་ཚེའི་ཕུགས་བསམ་དང་རིན་ཐང་དོན་གཉེར་དེ་ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། གཞི་རིམ་ཞབས་ཞུ། མཁོ་བསྟུན་ཐོལ་བྱུང་དོན་རྐྱེན་བཅས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་བཏབས་ནས། ཏང་གི་བློས་འཁེལ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་རང་ཉིད་ཀྱི་དམ་བཅའ་བརྟན་པོ་ལག་ལེན་མཐའ་གཅིག་ཏུ་བྱས་པས་ལང་ཚོ་སྟོང་ཟད་དུ་མི་གཏོང་བའི་དུས་རབས་ཀྱི་འགན་འཁྲི་གང་ལེགས་མངོན་ཡོད།