རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-10   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
མི་མང་པོ་ཞིག་ནམ་ལངས་མ་ཐག་ཏུ་ཕྱི་རུ་སོང་ནས་ཞོགས་སྦྱོང་བྱེད་རྒྱུར་དགའ། དེ་ལྟར་བྱས་ན་མཁའ་དབུགས་གཙང་ཞིང་སྦགས་བཙོག་ཉུང་བར་འདོད་ཀྱིན་ཡོད།
དོན་དངོས་སུ་དེ་དུས་ནམ་གསལ་ཐག་ཆོད་མེད་པས་ཐང་ལ་འགྱེལ་སླ་བར་མ་ཟད།ཞོགས་པར་ནམ་ཟླ་འཁྱག་པས་དྲོས་འཁྱགས་སུ་འགྲོ་སླ།
ནམ་ཟླ་ཇེ་དྲོར་སོང་རྗེས་ལུས་སྦྱོང་བྱེད་དགོས།
རྒན་པ་རྣམས་ཀྱི་ཁྲག་གི་འཁོར་རྒྱུག་ཞན་ལ།ཁོར་ཡུག་གི་དྲོད་གྲང་ལ་ལམ་སང་གོམས་དཀའ་བས། ཞོགས་སྦྱོང་བྱེད་མི་འོས་པར། ཕྱི་དྲོའི་དུས་ཚོད3གྱི་ཡས་མས་སུ་ད་གཟོད་ལུས་སྦྱོང་བྱས་ན་འགྲིག
2.ནགས་གསེང་དང་རྒྱ་ལམ་གྱི་འགྲམ་དུ་ལུས་སྦྱོང་བྱེད་པ།
རྒྱ་ལམ་གྱི་འགྲམ་དུ་ལུས་སྦྱོང་བྱས་ཚེ་གཅིག་ན་བདེ་འཇགས་མིན་ལ། གཉིས་ན་སྣུམ་རླངས་འབོར་ཆེན་ཡོད།
ཁོད་ཡངས་བདེ་འཇགས་ཀྱི་གནས་བཙལ་དགོས།
ཐང་ཆེན་དང་སྤྱི་གླིང་། ལུས་རྩལ་ར་བ་སོགས་ཁོད་ཡངས་ཤིང་བདེ་འཇགས་ཡིན་པའི་གནས་སུ་ལུས་སྦྱོང་བྱེད་དགོས།
3.ལྟོ་སྟོང་དུ་ལུས་སྦྱོང་བྱེད་པ།
ཕོ་རྒྱུའི་བྱེད་ནུས་མི་བཟང་བ་དང་ཁྲག་ཧྭགས་དམའ་བ། ལོ60ཡན་གྱི་རྒན་པ། གཅིན་སྙི་ཟ་ཁུའི་ནད་པ། སྙིང་ནད་ཅན་བཅས་ཀྱིས་ལྟོ་སྟོང་དུ་ལུས་སྦྱོང་བྱེད་མི་རུང་།
ཟ་མ་ཅུང་ཙམ་ཟོས་རྗེས་ལུས་སྦྱོང་བྱེད་དགོས།
ལུས་སྦྱོང་མ་བྱས་པའི་སྔོན་ལ་ཟ་མ་ཉུང་ཙམ་ཟོས་ན་ལེགས་མོད།འོན་ཀྱང་ལུས་སྦྱོང་བྱེད་སྐབས་ཟ་མ་རྒྱགས་ཆོད་པ་ཞིག་མི་ཟ་བར། ལྟོག་སྣང་མེད་པ་ཙམ་གྱིས་ཆོག
4.ལུས་པོ་དྲོས་སུ་མི་འཇུག་པ།
ཞོགས་པར་མལ་ལས་ལངས་མ་ཐག་ཏུ་ཞོགས་སྦྱོང་བྱས་ན་ལུས་པོར་རྨས་སྐྱོན་ཕོག་སླ་བ་དང་།ཡང་ན་གློ་བུར་འགུལ་སྐྱོད་དྲག་པོ་བྱས་ན་སྙིང་ལ་གནོན་ཤུགས་སྦྱིན་ངེས།
ལུས་པོ་དྲོས་རྗེས་ཞོགས་སྦྱོང་བྱེད་དགོས།
ལུས་པོ་དྲོས་པའི་སྦྱོང་བརྡར་ནི་དལ་མོ་ནས་ཇེ་མགྱོགས་སུ་གཏོང་བ་དང་། སྟོབས་ཤུགས་ཆུང་བ་ནས་ཆེ་རུ་གཏོང་དགོས་པར་མ་ཟད། སྐར་མ15ཡི་རིང་ལ་བྱེད་དགོས་ཤིང་། རྔུལ་ཆུ་ཉུང་ཙམ་འབྱུང་བ་དང་དབུགས་ཅུང་ཙམ་འཚུབ་ཅིང་།ཚིགས་མོ་མཉེན་པོ་ཡོང་བས་ཆོག
5.ངེས་པར་དུ་རྔུལ་ཆུ་བཞུར་དགོས་པར་འདོད་པ།
ལུས་སྦྱོང་གི་དུས་ཡུན་དང་དྲག་ཚད་སོགས་མི་རང་ཉིད་ཀྱི་ལུས་ཕུང་དང་བསྟུན་དགོས།མི་ཁ་ཤས་ཀྱིས་དུས་ཚོད་གཅིག་ནས་གཉིས་བར་ཞོགས་སྦྱོང་བྱས་ཏེ་རྔུལ་ཆུ་བཞུར་རྗེས་ད་གཟོད་མཚམས་འཇོག་པ་ཡིན་མོད།འོན་ཀྱང་མི་ཁ་ཤས་ཤིག་འགུལ་སྐྱོད་བྱས་དྲག་སྟེ། སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་། ཐ་ན་ལུས་པོའི་མི་ལྕོགས་པའི་གནས་ཚུལ་ཡང་འབྱུང་ངེས།
ལུས་སྦྱོང་གི་རྩ་བ་ནི་རྒྱུན་འཁྱོངས་ཡིན།
སྤྱིར་བཏང་གི་མི་ཚོགས་ལ་མཚོན་ན།སྐྱེས་པ་རྣམས་ཀྱི་སྙིང་གི་ལྡིང་ཚད་ནི220ལས་ལོ་ཚོད་འཕྲི་བ་དང་། བུད་མེད་རྣམས་ཀྱི་སྙིང་གི་ལྡིང་ཚད་ནི210ལས་ལོ་ཚོད་འཕྲི་བ་དེ་ཡིན་ལ།ལུས་སྦྱོང་བདེ་འཇགས་ཀྱི་ཚད་མཐའ་ནི་ཆེས་མགྱོགས་པའི་སྙིང་གི་ལྡིང་ཚད་ཀྱི75%ཡིན་པ་དང་།རྒན་པ་རྣམས་དེ་ལས་ཀྱང་དམའ།
6.བང་རྒྱུག་བྱས་ན་ལུས་པོར་ཕན་པར་འདོད་པ།
བང་རྒྱུག་བྱས་པ་ཙམ་གྱིས་ལུས་པོའི་སྦྱོང་བརྡར་གྱི་དགོས་མཁོ་བསྐང་མི་ཐུབ།
བང་རྒྱུག་གིས་འགུལ་སྐྱོད་གཞན་པ་ཡི་ཚབ་བྱེད་མི་ཐུབ།
དལ་རྒྱུག་བྱས་པ་ནི་དབྱང་ལྡན་འགུལ་སྐྱོད་ཅིག་ཡིན་པས།སྙིང་དང་གློ་བའི་བྱེད་ནུས་ལ་ཕན་པ་མང་པོ་ཡོད་པར་མ་ཟད། ལུས་སྟེང་གི་དྲོད་ནུས་མང་པོ་ཟད་པས་ཚོ་བྱང་བར་ཕན་མོད།འོན་ཀྱང་དལ་རྒྱུག་ནི་བསྐྱར་ཟློས་རང་བཞིན་ཧ་ཅང་མཐོ་བའི་འགུལ་སྐྱོད་ཅིག་ཡིན་པས།ཚིགས་མོ་གང་ཞིག་དང་ཡང་ན་ཤ་གནད་གང་ཞིག་ལ་ཁུར་བོ་བསྣན་ཏེ་གནོད་འཚེ་བཟོ་བཞིན་ཡོད།
7.ན་བའི་སྐབས་སུའང་ལུས་སྦྱོང་རྒྱུན་འཁྱོངས་བྱེད་པ།
ན་བའི་སྐབས་སུའང་ལུས་སྦྱོང་རྒྱུན་འཁྱོངས་བྱས་ན་ནད་གཞི་དྲག་སྐྱེད་འབྱུང་བར་མི་ཕན་ལ།ཐ་ན་ནད་གཞི་ཇེ་སྡུག་དང་ན་ཡུན་ཇེ་རིང་དུ་འགྲོ་བ་རེད།
ན་བའི་སྐབས་སུ་ལུས་སྦྱོང་གི་མཚམས་འཇོག་དགོས།
ལུས་སྦྱོང་གི་སྐབས་སུ་གལ་ཏེ་མགོ་ཡོམ་འཁོར་བ་དང་སེམས་འཚབ་པ།བྲང་ཁོག་ན་བ།དབུགས་འཚང་བ་སོགས་ཀྱི་ནད་རྟགས་བྱུང་ན། ངེས་པར་དུ་ལུས་སྦྱོང་གི་མཚམས་འཇོག་པ་དང་། དགོས་ངེས་ཀྱི་སྐབས་སུ་མཐའ་འཁོར་གྱི་མི་ལ་རོགས་སྐྱོར་ཡོང་རོགས་ཞུ་བ་དང་ཡང་ན་རོགས་སྐྱོར་ཁ་པར་གཏོང་དགོས། རྒན་པ་རྣམས་ཀྱིས་ལུས་སྦྱོང་གི་སྐབས་སུ་གློ་བུར་ཤི་བར་ལྷག་ཏུ་མཉམ་འཇོག་དགོས།
8.ལུས་སྦྱོང་བྱེད་སྟངས་ལ་དོ་སྣང་མི་བྱེད་པ།
མི་རེ་རེར་རང་ཉིད་ལ་འཚམ་པའི་ལུས་སྦྱོང་བྱེད་སྟངས་རེ་ཡོད།
ལུས་པོའི་གནས་ཚུལ་ལ་བལྟས་ནས་ལྕོགས་ཚོད་བྱེད་དགོས།
པུས་ཚིགས་ན་བའི་མི་རི་དང་རྡོ་སྐས་ལ་འགོ་བ།ཙོག་ལངས་བྱེད་པ་སོགས་ཀྱི་འགུལ་སྐྱོད་བྱེད་མི་རུང་ལ།ཁྲག་ཤེད་མཐོ་བ་དང་སྙིད་ནད་ཅན་རྣམས་འགུལ་སྐྱོད་དྲག་པོ་བྱེད་མི་རུང་བ་དང་།དལ་གཤིས་ནད་རིགས་ཡོད་པའི་ནད་པ་རྣམས་ལུས་སྦྱོང་དྲག་པོ་བྱེད་སྐབས་སྨན་པར་བློ་འདྲི་དགོས།
9.ལུས་སྦྱོང་གི་སྐབས་སུ་ཆུ་མང་པོ་འཐུང་བའམ་ཡང་ན་ཆུ་མི་འཐུང་བ།
ལུས་སྦྱོང་བྱེད་པའི་སྐབས་སུ་སྐོམ་སྣང་འབྱུང་ཞིང་། ཐ་ན་དབུགས་ལམ་སྐམ་པ་ནི་ལུས་པོར་ཆུས་མི་འདང་བའི་རྟགས་ཡིན་པས། དུས་ཐོག་ཏུ་ཆུ་ཁ་གསབ་བྱེད་དགོས།
ཆུ་འཐུང་སྐབས་ཐེངས་མང་ཉུང་འཐུང་བྱེད་དགོས།
འགུལ་སྐྱོད་ཁྲོད་དུ་ཆུ་ཁ་གསབ་བྱེད་པའི་རྩ་དོན་ནི། རང་འགུལ་གྱིས་འཐུང་དགོས་པ་ལས།སྐོམ་སྣང་འབྱུང་བའི་སྐབས་སུ་ད་གཟོད་འཐུང་ན་མི་འགྲིག ཆུ་འཐུང་སྐབས་ཐེངས་མང་པོར་འཐུང་བ་དང་འཐུང་ཐེངས་རེར་ཉུང་ཙམ་འཐུང་དགོས།ལུས་སྦྱོང་གི་ཁྲོད་དུ་ཆུ་འཐུང་རྒྱུ་མང་དྲག་ན་སྙིང་དང་ཕོ་རྒྱུ་ལ་གནོད་པ་འབྱུང་།།