བོད་ལྗོངས་སུ་ལས་རིགས་ནུས་རྩལ་འགྲན་བསྡུར་གྱིས་ངོ་མཚར་ལྟད་མོ་མངོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

པར་འདི་ནི་ཟླ5བའི་ཚེས10ཉིན་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་སློབ་མས་སྲོལ་རྒྱུན་གྱོན་གོས་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

        ཟླ5བའི་ཚེས10ཉིན། “ལག་རྩལ་ལ་མཐའ་མཚམས་མེད·ནུས་རྩལ་གྱིས་མ་འོངས་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ལག་རྩལ་པའི(ལས་རིགས)སློབ་གླིང་ལས་རིགས་ནུས་རྩལ་འགྲན་བསྡུར་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་བོད་ལྗོངས་ལག་རྩལ་སློབ་གླིང་ནས་སྤེལ་མགོ་ཚུགས། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ7དང་ལག་རྩལ་པའི(ལས་རིགས)སློབ་གླིང་ནས་ཡོང་བའི་འཐུས་ཚབ་རུ་ཁག11གི་སློབ་མ214དང་ལས་བཟོ་པས་མིང་ཐོ་བཀོད་དེ་འགྲན་བསྡུར་ནང་ཞུགས་པ་རེད། 2022ལོར་བོད་རང་སྐྱོང་ལྗོངས་སུ་ནུས་རྩལ་ཤེས་ལྡན་མི་སྣ7000ལྷག་གསར་དུ་བསྣན་པ་དང་། དེ་ཁྲོད་ནུས་རྩལ་མཐོ་བའི་ཤེས་ལྡན་མི་སྣ800ལྷག་ཡོད། །

པར་འདི་ནི་ཟླ5བའི་ཚེས10ཉིན་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་སློབ་མས་ཐད་གཏོང་བརྒྱུད་དེ་དགེ་སློབ་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་སྟོན་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ5བའི་ཚེས10ཉིན་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་དགེ་རྒན་ཞིག་གིས་ཟས་རིགས་རྐོས་རིས་སྒྱུ་རྩལ་ཐོན་རྫས་སྟོན་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ5བའི་ཚེས10ཉིན་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་སློབ་མ་ཞིག་གིས་ཡུལ་དངོས་སུ་གྱང་རྩིག་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ5བའི་ཚེས10ཉིན་བོད་ལྗོངས་ཀྱི་སྐབས་དང་པོའི་ནུས་རྩལ་འགྲན་བསྡུར་གྱི་ཡུལ་དངོས་རེད།

པར་འདི་ནི་ཟླ5བའི་ཚེས10ཉིན་འགྲན་ཞུགས་མི་སྣས་བག་ལེབ་བཟོ་བཞིན་པའི་ཚུལ་རེད།