འཇོལ་གྱིས་རིག་གནས་ཡུལ་སྐོར་ལས་རིཊ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་།   འཇོལ་རྫོང་གིས་ཡུལ་སྐོར་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་སྤུས་ལེགས་ཡུལ་སྐོར་ལམ་ཐིག་གཏོད་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

        རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འདོན་པ།

        འཇོལ་རྫོང་ནི་"གཙང་གསུམ་མཉམ་རྒྱུག་"གི་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་བའི་ཁུལ་དུ་གནས་པ་དང་ཡུན་བོད་ཇ་རྟའི་གནའ་ལམ་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན། ས་གནས་དེ་གར་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་མཛེས་སྡུག་རྣམ་པར་བཀྲ་བའི་མི་རིགས་ཀྱི་རིག་གནས་ཡོད་ལ། རང་བྱུང་དང་སྤུས་ཚད་མཐོ་བའི་སྣོད་བཅུད་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱང་ཡོད་པ་རེད། སྨན་རི་དང་རྫ་ཆུའི་གྲོག་རོང་ཆེ་མོ། པད་མ་རི་བོའི་སྟག་མའི་ནགས་ཚལ་བཅས་"ཀྲུང་གོའི་ས་ཆ་མཛེས་ཤོས་བཅུ་"ཞེས་པའི་མིང་བྱང་ཐོག་འཁོད་ཡོད་པ་རེད།

        འཇོལ་རྫོང་གིས་ཡུལ་སྐོར་ལས་རིགས་དེ་རྫོང་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་ཀ་རྟེན་ཐོན་ལས་སུ་བརྩིས་ནས་བཞེངས་སྐྲུན་བྱེད་དེ་སྨན་རིར་བརྟེན་ནས་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་གཏོད་པའི་བརྗིད་ཆེའི་འཆར་གཞི་གཏན་འཁེལ་བྱས་པ་དང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཡུལ་སྐོར་ཤར་གཏོང་རང་བཞིན་དང་ཞབས་ཞུའི་སྟབས་བདེའི་རང་བཞིན། ཐོན་རྫས་གསར་གཏོད་རང་བཞིན་སོགས་ཀྱི་ཐད་མི་རྣམས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།  འཇོལ་རྫོང་གིས་སྤུས་རྟགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པ་བརྒྱུད་སྣོད་བཅུད་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་བརྒྱུད་འཇོལ་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།  མིག་སྔའི་བར་དུ།  རྫོང་དེའི་ནང་4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་1དང་།  རི་སྐེད་མགྲོན་ཁང་3  སྤུས་ལེགས་མགྲོན་ཁང་3  སྐར་ལྔ་རིམ་པའི་དམངས་ལུགས་སྡོད་ཁང་1   ཞག་སྡོད་གཉེར་སྐྱོང་དུད་ཚང་གཞན་པ་200ལྷག་ཡོད་པ་དང་།  སྨན་རིའི་སྣོད་བཅུད་གནས་མཇལ་ཡུལ་སྐོར་ལམ་ཐིག་དང་། སྨན་རིའི་རྒྱལ་ཁབ་སྤྱི་གླིང་དང་སྣོད་བཅུད་རིག་གནས་བར་ཁྱམས་ཀྱི་ཡུལ་སྐོར་ལམ་ཐིག  པད་མ་རི་བོའི་སྣོད་བཅུད་ཚན་ཞིབ་མྱུལ་དཔྱད་ཡུལ་སྐོར་ལམ་ཐིག  "་ཇ་རྟའི་གནའ་ལམ་"རིག་གནས་ཡུལ་སྐོར་ལམ་ཐིག  "གཙང་གསུམ་མཉམ་རྒྱུག་"འཛམ་གླིང་རང་བྱུང་ཤུལ་བཞག་མཛེས་ལྗོངས་ཡུལ་སྐོར་ལམ་ཐིག་བཅས་ཁྱོན་ཡུལ་སྐོར་ལམ་ཐིག་རྩེ་གྲ་5་བཏོད་ཡོད།

        འཛམ་གླིང་རིམ་པའི་སྨན་རིའི་IPབཞེངས་སྐྲུན་བྱེད་པ།

        འཇོལ་རྫོང་གིས་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་གྱི་མཚམས་ཚིགས་གལ་ཆེན་དང་སྨན་རི་ནི་ཀྲུང་གོའི་གངས་རིའི་ཡུལ་སྐོར་བྱ་ཡུལ་ཡག་ཤོས་ཀྱི་གྲས་ཤིག་ཡིན་པའི་ས་བབ་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་དེ་"བརྗོད་དོན་གཙོ་བོ་གཅིག་དང་ལས་རྣམ་གཅིག་"གི་འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁྱད་ཆོས་མངོན་པ་དང་གྲུབ་ཆ་ལེགས་སུ་གཏོང་བའི་རྨང་གཞིའི་ཐོག་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་།  དགོན་པ་སྟེང་དང་།  དབུ་ནུབ་སྟེང་།  དངུལ་ཕུ་གྲོང་།  ཐང་ལ་གྲོང་སོགས་ཟུར་ཚད་མང་པོའི་ཐོག་ནས་སྨན་རིར་ལྟ་སྐོར་བྱེད་པའི་གནས་བབ་ཡག་པོ་བཞེངས་སྐྲུན་བྱེད་དེ་སྐར་ཚོགས་བཀྲ་བའི་སྒར་ས་དང་། ཁམ་བུའི་ལྡུམ་རའི་འབྲོག་ར། གངས་ལྗོངས་ཞིང་གྲོང་། ཕྱི་རོལ་གྱི་སྒར་ས་ཆེན་པོ། སྤུས་ལེགས་རྐང་ཐང་ལམ་ཐིག  ཆུ་ཚན་གཞིས་ཀ   གངས་རིའི་འབྲོག་ར། གངས་རིའི་མགྲོན་ཁང་ཁྱུ་ཚོགས། སྤུས་ལེགས་དམངས་ལུགས་སྡོད་ཁང་། ཡུལ་སྐོར་གྲོང་རྡལ་ཆུང་གྲས། ནགས་ཚལ་ཞིབ་འཇུག་སློབ་སྦྱོང་སྒར་ས། སྤྲིན་མཚོའི་ཟ་ཁང་དང་དེ་བཞིན་ཡུལ་ལྗོངས་ལ་ལྟ་བའི་ལས་སྟེགས་འགའ་ཤས་སོགས་རིག་གནས་ཡུལ་སྐོར་ཐོན་རྫས་དང་ལས་རྣམ་ལ་ཟུང་འབྲེལ་བྱེད་པའི་འཆར་གཞི་ཡོད།

        ཤེས་གསལ་བྱུང་དོན།  འཇོལ་རྫོང་གིས་པད་མ་རི་བོའི་རྒྱལ་ལམ་214རྙིང་པའི་མཐའ་འཁོར་གྱི་བེད་སྤྱོད་ཆོག་པའི་ས་ཆའི་འཆར་འགོད་སྤྱད་དེ། རྒྱལ་སྤྱིའི་རི་ཁུལ་གྱི་ཡུལ་སྐོར་སྐོར་ལམ་མཛེས་ལྗོངས་ཁུལ་གསར་སྤེལ་ཇུས་འགོད་བྱས་ནས་གངས་རི་དང་ནགས་ཚལ། འབྲོག་ར་སོགས་ཉམས་ལེན་བྱ་རྒྱུ་གཙོ་བོར་བྱེད་པའི་རི་ཁུལ་སྒར་སའི་གུང་གསེང་ལམ་ཐིག་གིས་སྒར་ས་ཁག་སྦྲེལ་མཐུད་བྱས་ཏེ་སྤྱི་ལེ་གྲུབ་བཞི་མ་100ཡི་རང་བྱུང་མཛེས་ལྗོངས་ཐོན་ཁུངས་ཁྱབ་འགྱེད་བྱས་པའི་པད་མ་རི་བོའི་དགུན་དུས་ཀྱི་གངས་འཁྱགས་ཡུལ་སྐོར་ཐོན་རྫས་གཙོ་གནད་ཐོག་གཏོད་རྒྱུ་ཡིན་ལ།  དེ་དང་ཆབས་ཅིག་འཇོལ་རྫོང་སྨན་རིའི་རྒྱལ་སྤྱིའི་རི་ཁུལ་གྱི་སྣོད་བཅུད་ཡུལ་སྐོར་སྐོར་ལམ་རྣམ་གྲངས་དང་འཇོལ་ནས་འབའ་ལུང་བར་གྱི་ལམ་ཐིག་རྙིང་པ། འཇོལ་ནས་ཀོང་ཧྲན་གྱི་གྲོག་རོང་ལམ་ཐིག་སོགས་ལམ་ཐིག་མང་པོ་ཇུས་འགོད་ཧུར་ཐག་བྱས་ནས་ལམ་རྒྱུད་ཀྱི་གངས་རི་དང་གྲོག་རོང་སོགས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་སྔོག་འདོན་གང་ལེགས་བྱས་ཏེ་རྫ་ཆུའི་གྲོག་རོང་དང་ལམ་རྒྱུད་ཀྱི་གངས་རི་དང་ཐུན་མོང་མ་ཡིན་པའི་ས་སེར་དང་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་མངོན་པར་བྱས་ནས་ལམ་རྒྱུད་ཀྱི་གྲོང་མིའི་ཡོང་འབབ་མཐོ་རུ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།