རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-18   རྩོམ་ཁུངས།    四川藏语广播
མེ་འཁོར་པ་སེའི་ཐོག་ཏུ“ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད0དང་སྐར་མ30”ཞེས་པའི་དུས་ཚོད་བཀོད་ཡོད་ན། ཚེས2ཉིན་གྱི་དགོང་མོར་མེ་འཁོར་འབབ་ཚིགས་ལ་ཕྱིན་ཚེ། ལས་སྒྲུབ་མི་སྣས་འདི་ནི་ཁ་སང་དགོང་མོའི་མེ་འཁོར་རེད་ཅེས་བཤད་པའི་གནས་ཚུལ་ལ་ཁྱོད་རང་འཕྲད་མྱོང་ངམ། ཉིན་དེའི་ཆུ་ཚོད0དང་སྐར་མ30ཡི་མེ་འཁོར་པ་སེ་ཡིན་ན། དོན་ངོ་མར་དུས་ཚོད་ནམ་ཞིག་ལ་མེ་འཁོར་འབབ་ཚིགས་སུ་འགྲོ་དགོས་སམ། མེ་འཁོར་ལ་འདུག་པའི་རྗེས་མ་ཆོད་པ་སོགས་ཀྱི་སྐབས་སུ་ཇི་ལྟར་བྱེད་དམ།
གཅིག “ཆུ་ཚོད་ཀླད་ཀོར”གྱི་ཐོག་ཏུ་རླངས་འཁོར་ལ་འདུག་པའི་དུས་ཚོད་ནོར་དུ་མ་འཇུག
མེ་འཁོར་པ་སེའི་ཐོག་གི་དུས་ཚོད་ནི་ཆུ་ཚོད24ལྟར་བཀོད་ཡོད་པ་དང་། ཉིན་དེའི་ཆུ་ཚོད24བརྒལ་སོང་ན། ཉིན་གཉིས་པར་ཐོན་པ་ཡིན།
གལ་ཏེ། ཡུལ་སྐོར་པས་ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད0དང་སྐར་མ30ཡི་མེ་འཁོར་པ་སེ་ཉོས་པ་ཡིན་ན། ཚེས1ཉིན་གྱི་དགོང་མོར་མེ་འཁོར་འབབ་ཚིགས་ལ་ཡོང་ནས་བསྒུག་དགོས། དེར་བརྟེན། ཚང་མས་མེ་འཁོར་པ་སེ་ཉོས་རྗེས། པ་སེའི་ཐོག་གི་དུས་ཚོད་ལ་ཞིབ་ཚགས་ངང་བལྟ་དགོས།
གཉིས། མེ་འཁོར་ལ་འདུག་པའི་རྗེས་མ་ཆོད་ན། མེ་འཁོར་པ་སེ་ཇི་ལྟར་བྱེད་དམ།
མེ་འཁོར་ལ་འདུག་པའི་རྗེས་མ་ཆོད་ན། མེ་འཁོར་པ་སེ་ཐེངས་གཅིག་ལ་བརྗེས་ན་ཆོག་པ་ཡིན།
ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ལ་སྐྱེལ་འདྲེན་ནུས་པ་ཡོད་པའི་ཆ་རྐྱེན་འོག གཤམ་གསལ་གྱི་གཏན་འབེབས་ལྟར་མེ་འཁོར་པ་སེ་བརྗེས་ན་ཆོག་པ་སྟེ།
ཀ མེ་འཁོར་མ་བཏང་བའི་སྔོན་གྱི་ཆུ་ཚོད48ཀྱི་ཡན་དུ། སྔོན་འཚོང་དུས་སྐབས་ཀྱི་མེ་འཁོར་པ་སེ་ལ་བརྗེས་ན་ཆོག་པ་ཡིན།
ཁ། མེ་འཁོར་མ་བཏང་བའི་སྔོན་གྱི་ཆུ་ཚོད48ཀྱི་ནང་དུ། མེ་འཁོར་པ་སེའི་ཐོག་ཏུ་གསལ་བའི་དུས་ཚོད་སྔོན་གྱི་མེ་འཁོར་འདུག་ཐེངས་ལ་བརྗེས་ན་ཆོག་པ་དང་། མེ་འཁོར་པ་སེའི་ཐོག་ཏུ་གསལ་བའི་དུས་ཚོད་རྗེས་ཀྱི་མེ་འཁོར་འདུག་ཐེངས་ལ་བརྗེས་ན་མི་ཆོག
ག མེ་འཁོར་བཏང་བའི་རྗེས་ལ། ཡུལ་སྐོར་པས་སྔར་བཞིན་ཉིན་དེའི་མེ་འཁོར་འདུག་ཐེངས་གཞན་པའི་པ་སེ་ལ་བརྗེས་ན་ཆོག་པ་ཡིན།
ང་། མེ་འཁོར་པ་སེ་བརྗེ་སྒྱུར་བྱེད་དུས། མེ་འཁོར་མ་བཏང་བའི་སྔོན་གྱི་ཆུ་ཚོད48ཀྱི་ཡན་ལ་བྱ་དགོས་པ་དང་། སྔར་གྱི་མེ་འཁོར་པ་སེ་ཡིས་དངོས་པོ་སྐྱེལ་བཅོལ་གྱི་ལས་སྒོ་བསྒྲུབས་ཡོད་ན། དངོས་པོ་སྐྱེལ་བཅོལ་རྗེ་བའམ་ཡང་ན་ལས་སྒོ་ཕྱིར་འཐེན་བྱ་དགོས།
གསུམ། མེ་འཁོར་པ་སེ་ཕྱིར་བསློགས་ན་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ།
ཡུལ་སྐོར་པས་མེ་འཁོར་པ་སེ་ཕྱིར་སློག་དུས། ངེས་པར་དུ་མེ་འཁོར་པ་སེའི་ཐོག་ཏུ་གསལ་བའི་དུས་ཚོད་ཀྱི་སྔོན་དང་མེ་འཁོར་གཏོང་བའི་སྔོན་ལ་བསྒྲུབ་དགོས། དངོས་པོ་སྐྱེལ་བཅོལ་བྱས་པ་ཡིས་མེ་འཁོར་པ་སེ་ཕྱིར་བསློགས་ན། སྔོན་ལ་དངོས་པོ་སྐྱེལ་བཅོལ་གྱི་ལས་སྒོ་ཕྱིར་འཐེན་བྱ་དགོས།
མེ་འཁོར་པ་སེ་ཕྱིར་བསློགས་པའི་སྒོར་མོ་ནི་པ་སེ་ཉོ་དུས་ཀྱི་དངུལ་སྤྲོད་བྱེད་ཐབས་ལས་ཕྱིར་ཐོན་པ་ཡིན།
ཡུལ་སྐོར་པས12306དྲ་ཚིགས་དང་རང་འགུལ་པ་སེ་འཚོང་བའི་འཕྲུལ་ཆས་ནས་མེ་འཁོར་པ་སེ་ཕྱིར་བསློགས་ཚེ། ལས་སྒྲུབ་བྱས་རྗེས་ཀྱི་ཉིན180ཡི་ནང་ལ། མེ་འཁོར་འབབ་ཚིགས་ཀྱི་པ་སེ་འཚོང་སའི་སྒེའུ་ཁུང་དུ་ཕྱིན་ཏེ་པ་སེ་ཉོ་དུས་སྤྱད་པའི་ནུས་ལྡན་ཐོབ་ཐང་དཔང་ཡིག་ལ་བརྟེན་ནས་པ་སེ་ཕྱིར་སློག་རིན་པའི་འགྲོ་སོང་རྩིས་ཞུའི་དཔང་ཡིག་བླངས་ཆོག
བཞི། མེ་འཁོར་པ་སེ་ཉོས་རྗེས་ལམ་བར་གྱི་འབབ་ཚིགས་ནས་མེ་འཁོར་ལ་བསྡད་ན་ཆོག་གམ།
མེ་འཁོར་པ་སེའི་ཐོག་ཏུ་གཏན་འཁེལ་བྱས་པའི་དུས་ཚོད་དང་མེ་འཁོར་གཏོང་ཐེངས་ལ་གཞིགས་ནས། ལམ་བར་གྱི་འབབ་ཚིགས་ནས་མེ་འཁོར་འདུག་ཐེངས་དེ་ཉིད་ལ་བསྡད་ན་ཆོག་པ་ཡིན། འོན་ཀྱང་། དེའི་སྔོན་གྱི་མེ་འཁོར་ལ་མ་བསྡད་པའི་ལམ་ཐག་གི་པ་སེ་རིན་པ་ཕྱིར་མི་སློག་པ་ཡིན།
རྒྱ་ཆེའི་ཡུལ་སྐོར་པ་རྣམས་ལ་གསལ་འདེབས་བྱ་རྒྱུ་ཞིག་ལ། གལ་ཏེ་དུས་ཚོད་ནང་བཞིན་མེ་འཁོར་ལ་འདུག་མ་ཐུབ་ན། ཉིན་དེའི་རྗེས་མཐུད་ཀྱི་མེ་འཁོར་པ་སེ་ལ་རྗེ་བའི་ཞབས་ཕྱི་སྒྲུབ་ཆོག་པ་ཡིན།
ལྔ། མྱུར་བགྲོད་མེ་འཁོར་གྱི་འདུག་སྟེགས་ཇི་ལྟར་གདམ་དགོས་སམ།
ཚོང་དོན་འདུག་སྟེགས་ལ། ཡིག་མགོAདངCཅན་ནི་མི་གཉིས་སྡོད་པའི་གནས་ཡིན་ཞིང་། ཡིག་མགོAཅན་ནི་སྒེའུ་ཁུང་ཕྱོགས་ཡིན་པ་དང་། ཡིག་མགོFཅན་ནི་མི་གཅིག་སྡོད་པའི་གནས་ཡིན།
འདུག་སྟེགས་རིམ་པ་དང་པོ་ལ། ཡིག་མགོAདངFཅན་ནི་མི་གཉིས་སྡོད་པའི་གནས་ཀྱི་སྒེའུ་ཁུང་ཕྱོགས་ཡིན་པ་དང་། ཡིག་མགོCདངDཅན་ནི་མི་གཉིས་སྡོད་པའི་གནས་ཀྱི་བར་ཤུར་ཕྱོགས་ཡིན།
འདུག་སྟེགས་རིམ་པ་གཉིས་པ་ལ། ཡིག་མགོDདངFཅན་ནི་མི་གཉིས་སྡོད་པའི་གནས་ཡིན་པ་དང་། ཡིག་མགོAདངB Cཅན་ནི་མི་གསུམ་སྡོད་པའི་གནས་ཡིན། དེའི་ནང་གི་ཡིག་མགོAདངFཅན་ནི་སྒེའུ་ཁུང་ཕྱོགས་ཡིན།