རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཡུལ་སྐོར་བས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གི་རྐང་བགྲོད་ལམ་ཐིག་ནས་མགྲོན་ཁང་དུ་ངལ་གསོ་བརྒྱབ་སྟེ། བརྗིད་ཉམས་ལྡན་པའི་གངས་རིའི་གྲོག་རོང་གི་མཛེས་ལྗོངས་ལ་རོལ་མྱོང་བྱེད་ཀྱི་ཡོད།
སྟག་མཆོང་གྲོག་རོང་གི་རྐང་ཐང་ལམ་ཐིག་ནི་“འཛམ་གླིང་གི་རྐང་བགྲོད་ལམ་ཐིག་ཆེན་པོ་བཅུའི་ཡ་གྱལ་”ཡིན་པ་དང་། ཁྱོན་རིང་ཚད་ལ་སྤྱི་ལེ་20ཡས་མས་ཡོད་པས་ཉེན་ཁ་ཆེ་བ་དང་། ངོ་མཚར་ལྡན་པ། ཕུལ་དུ་བྱུང་བ་བཅས་ཀྱི་མཚན་སྙན་ལྡན།
ལམ་ཐིག་ནི་ཧ་པ་རི་བོའི་རི་འདབས་སུ་གནས་པ་དང་། འདབས་རོལ་དུ་འབྲི་ཆུ་དྲག་ཏུ་རྒྱུག་ལ། ཕ་རོལ་ནི་ཀྲོང་ངེར་ལང་བའི་ཡུས་ལུང་གངས་རི་ཡིན། ལམ་བར་གྱི་ནགས་ཚལ་དང་གྲོག་རོང་། གནའ་ལམ། རྦབ་ཆུ་སོགས་ཡུལ་ལྗོངས་ལྟ་ན་སྡུག་པ་ཡོད་པས། ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་ཕྲག་མང་པོ་དེ་གར་རྐང་བགྲོད་ཡུལ་སྐོར་ཡོང་གི་ཡོད།