བདེ་ཆེན་གྱི་གྲོང་གསེབ་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་ཕན་འབྲས་ཐོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཉེ་བའི་ལོ་འགའི་རིང་།  བདེ་ཆེན་ཁུལ་གྱིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་ལས་དོན་ཏན་ཏིག་སྤེལ་ཏེ། སྔ་རྗེས་སུ་《གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ལག་བསྟར་ཇུས་གཞི་》དང་《ཀྲེ་ཅང་གི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ།》 《གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེའི་ལོ་གསུམ་བྱ་སྤྱོད་འཆར་གཞི།》 《གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་གྱི་ལོ་ལྔའི་བྱ་སྤྱོད་ཇུས་གཞི་(2021-2025ལོ)》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་བཏོན་པ་དང་།  “ཁོར་ཡུག་ལེགས་སུ་བཏང་བ།      བདེ་ཐང་འགན་ལེན་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། གཙང་སེལ་གསུམ་དང་དམ་འཛིན་བཞི་དང་བཅོས་སྒྲིག་གཅིག་”གི་ཆེད་དོན་བྱེད་སྒོ་དང་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་ཀྱི་“རིམ་སྤོར་ཆེན་པོའི་”ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་པ་བརྒྱུད་ནས་“གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་”གཙོ་བོར་བྱས་པའི་“གཅིག་དྲུག་”གི་ཆེད་དོན་བྱེད་སྒོ་སྤེལ་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མངོན་གསལ་དོད་པོའི་ངང་ལེགས་སུ་དང་རིམ་སྤོར་ཡོང་རྒྱུ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།

    གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ལོ་ལྔའི་བྱ་སྤྱོད་ཀྱི་བླང་བྱ་གཞིར་བཟུང་ན་རང་ཁུལ་གྱིས་གྲོང་གསེབ་ཀྱི་དུད་ཚང་གི་གསང་སྤྱོད་16221་བསྐྱར་སྐྲུན་ལེགས་སྒྲུབ་བྱེད་དགོས་པ་དང་མིག་སྔའི་བར་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་དུད་ཚང་གི་གསང་སྤྱོད་10248་བསྐྱར་སྐྲུན་ལེགས་སྒྲུབ་བྱས་པ་དང་ལེགས་སྒྲུབ་བྱེད་ཚད་63.18%་ཟིན་ཡོད། དུད་ཚང་གི་གསང་སྤྱོད་64403་མཐིལ་རྟོགས་ཞིབ་བཤེར་བྱས་པ་དང་། སྤྱི་པའི་གསང་སྤྱོད་ལ་མཐིལ་རྟོགས་ཞིབ་བཤེར་1964ལེགས་གྲུབ་བྱུང་ཡོད་པ་རེད།

    གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཁུལ་ཡོངས་ཀྱི་ཞོལ་ཁུལ་མིན་པའི་གྲོང་རྡལ་26ཁྲོད་ཀྱི་ཤང་གྲོང་14ཡི་གྲོང་རྡལ་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ཐུབ་པ་དེས་ཤང་གྲོང་བསྡོམས་འབོར་གྱི་53.85%ཟིན་ཡོད། ཁུལ་ཡོངས་ཀྱི་རང་བྱུང་གྲོང་ཚོ་2036ཁྲོད་རང་བྱུང་གྲོང་ཚོ་1343དུ་གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྐྱོང་ལེགས་གྲུབ་བྱུང་བ་དང་བཙོག་ཆུ་བཅོས་སྐྱོང་བྱེད་ཚད་65.96%ཟིན་པ་དང་བསྡུ་རུབ་དང་གཙང་སེལ་བྱེད་ཚད་9.54%ཟིན་ཡོད་པ་རེད།

    གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཁུལ་ཡོངས་སུ་གད་སྙིགས་ཚ་སེལ་ས་ཚིགས་78དང་གད་སྙིགས་བར་སྐོར་ས་ཚིགས་1འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད།  རང་ཁུལ་གྱི་གྲོང་རྡལ་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་ཁེབས་ཚད་84.62%ཟིན་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོའི་གད་སྙིགས་སྒྲིག་བཀོད་ཁེབས་ཚད་76.76%ཟིན་པ།  རང་བྱུང་གྲོང་ཚོའི་གད་སྙིགས་སྒྲིག་བཀོད་ཁེབས་ཚད་74.73%ཟིན་ཡོད་དེ། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཞི་རྩའི་ཆ་ནས་ཚང་མ་བསྡུ་རུབ་དང་ཚང་མ་གཙང་སེལ་ཐུབ་ཡོད།

    གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཡོད། གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཞིང་པ་མང་ཚོགས་སྐུལ་སློང་བྱས་ནས་“གཙང་སེལ་གསུམ་དང་ལེགས་བཅོས་གཅིག་”གི་བྱེད་སྒོ་སྤེལ་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་གྲོང་གསེབ་ཀྱི་བགྲོད་ལམ་དང་། ཞིང་ཁའི་ནགས་དྲ། གྲོང་ཚོའི་སྒོ་ར་སོགས་སྤྱི་པའི་བར་སྟོང་བཅོས་སྐྱོང་བྱས་ནས།  གྲོང་ཚོའི་རྣམ་པ་གནའ་ཉམས་བབ་ཆགས་དང་། གྲོང་ཚོ་གཙང་ཞིང་གྲལ་འགྲིག་པ། ཚད་ལྡན་དང་གོ་རིམ་ལྡན་པ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱས་པ་དང་།      ཁུལ་ཡོངས་ཀྱི་རང་བྱུང་གྲོང་ཚོ་ཚང་མར་“གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་གི་རིམ་པ་དང་པོའི་ཚད་གཞིའི་བླང་བྱ་བརྒྱད”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།

    མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། “ཁྲི་བརྒྱ་སྟོང་”གི་དཔེ་སྟོན་ལས་གྲྭ་དམ་འཛིན་བྱ་གཞིར་བྱས་ཏེ་“ལས་བྱེད་པས་ཕ་ཡུལ་འཆར་འགོད་བྱེད་པ་”དང་རྒྱལ་གཅེས་འཕྲོད་བསྟེན་གྱི་“ཆེད་དོན་བྱ་སྤྱོད་བདུན་”གཏིང་ཟབ་སྤེལ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྤྱི་ཡོངས་ནས་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།  མིག་སྔར་རང་ཁུལ་གྱི་རྫོང་(གྲོང་ཁྱེར་)གསུམ་ཚང་མར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་འཕྲོད་བསྟེན་རྫོང་མཁར་ཞེས་པའི་མིང་བཏགས་ཡོད་པ་རེད།