བདེ་ཆེན་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 འདི་ལོ་ནས་བཟུང་། བདེ་ཆེན་གྱིས“ཐོན་སྐྱེད་དང་ཕྱིར་ཚོང་། ཞབས་ཞུ་བཅས”གཅིག་ཏུ་འདུས་པའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐོན་ལས་གྲུབ་ཆའི་ཁྱབ་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་ཁུལ་ཡོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། 

    བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3.74ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་3.2%འཕར་ཡོད་པ་རེད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་0.61ཟིན་པ་དེ་དུས་མཚུངས་ལས་7.6%འཕར་བ་དང་། ནགས་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་0.68ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2.2ཟིན་པ་དེ་དུས་མཚུངས་ལས་1%འཕར་བ། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་0.05ཟིན་པ་དེ་དུས་མཚུངས་ལས་1.3%འཕར་ཡོད་པ་རེད། 

    ཞིབ་ཕྲའི་ལས་དོན་ཁྲོད་རང་ཁུལ་གྱིས་ཕྱོགས་གསུམ་གྱི་ཐད་ནས་ཤུགས་སྣོན་བརྒྱབ་ཡོད་པ་དང་།  ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཡོད། ཟླ་5པའི་ཚེས་10ཉིན་བར་ཁུལ་ཡོངས་ཀྱི་དབྱར་བསྡུའི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་18.99ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་མུའུ་ཁྲི་0.19མང་དུ་ཕྱིན་ནས་1.01%འཕར་ཡོད་པ་རེད། 

    ཞིང་ལས་གཉེར་སྐྱོང་གཙོ་ཤུགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། འདི་ལོ་ནས་བཟུང་ཁུལ་ཡོངས་ཀྱི་ཞིང་ལས་སྣེ་འདྲེན་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་2.83ཟིན་པ་དེ་དུས་མཚུངས་ལས་56.06%འཕར་བ་དང་། ཞིང་དུད་ཀྱི་འབབ་འཕར་སྤྱི་འབོར་སྒོར་ཁྲི་9045སྐུལ་ཁྲིད་བྱས་པ་དེ་དུས་མཚུངས་ལས་41.63%འཕར་ཡོད། 

    ཞིང་ལས་ཀྱི་ཚོང་རྟགས་གྲགས་ཅན་གསར་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།  མིག་སྔར་འབའ་ལུང་རྫོང་གི་ཀྲུང་ལུགས་སྨན་རྫས་དང་འཇོལ་རྫོང་གི་རྒུན་འབྲུམ་ལ་ཡུན་ནན་ཞིང་ཆེན་གྱི་“རྫོང་གཅིག་ལ་ཐོན་ལས་གཅིག”གི་དཔེ་སྟོན་རྫོང་དང་ཁྱད་ལྡན་རྫོང་སོ་སོར་བདམས་ཡོད་པ་རེད། སྤུས་རྟགས་དགུ་2022ལོའི་ཡུན་ནན་ཞིང་ཆེན་གྱི“ལྗང་མདོག་ཡུན་རྟགས”ཀྱི་སྤུས་རྟགས་དཀར་ཆག་ནང་ཚུད་པ།  ཁུལ་ཡོངས་སུ་རིམ་རྩིས་བྱས་ན“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས་150དང་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་4བདེན་དཔང་ར་སྤྲོད་བྱས་ཡོད། “འབའ་ལུང་ཏང་ཀུའེ་རྟགས་ཅན”སོགས་ཀྱི་ཁ་ཆེ་ཤ་སྐམ་ལ་སྔ་རྗེས་སུ་ཡུན་ནན་ཞིང་ཆེན་གྱི“སྨན་སྣ་གྲགས་ཅན་བཅུ”ནང་བདམས་པ་དང་ཁུལ་ཡོངས་ཀྱི་ཁེ་ལས་4ལ་སྔ་རྗེས་སུ་ཡུན་ནན་ཞིང་ཆེན་གྱི་ལྗང་མདོག་བཟའ་བཅའི“གསར་གཏོད་ཁེ་ལས་20ཡི”ནང་ཐེངས་6ལ་བདམས་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དེ་ཞིང་ལས་དང་གྲོང་གསེབ་པུའི་2023ལོའི་ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་གྱི་མིང་ཐོར་བདམས་པ། བདེ་ཆེན་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་གསར་པ་ལ་འདི་ལོའི་ཟླ་3པའི་ཟླ་མཇུག་ཏུ་རྒྱལ་ཁབ་རིགས་གཅིག་མཁས་ཅན་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་ནང་བཅུག་པ་རེད།