ཇོ་རིའི་རྩེ་མོར་འཛེགས་མཁན་བདེ་ཆེན་བ་དབྱང་ཆོན་ཕྱིར་ཕ་ཡུལ་དུ་ལོག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

2023ལོའི་ཟླ་5ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་47ཐོག་ཚན་ཞིབ་རུ་ཁག་དང་མཉམ་དུ་རྒྱལ་ཁའི་ངང་ཇོ་རིའི་རྩེ་མོར་འཛེགས་མཁན་དབྱང་ཆོན་ལགས་ཟླ5པའི་ཚེས28ཉིན་གྱི་དགོང་མོར་སེམས་ཀྱི་ཉི་ཟླར་འབྱོར་བ་དང་།   ཁོང་ནི་ཐེངས་དང་པོར་ཇོ་མོ་གླང་མར་འཛེགས་པའི་བདེ་ཆེན་བ་དང་པོ་ཆགས་ཡོད་པ་རེད།

    དབྱང་ཆོན།1978ལོར་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་པེ་ཏི་གྲོང་ཚོར་སྐྱེས། 2020ལོར་ཁོ་རང་བོད་ལྗོངས་ཀྱི་ཇོ་རིའི་སྒར་ས་ཆེ་མོར་བསྐྱོད་པ་དང་སྐབས་དེ་དུས་ཀྱི2020ལོར་ཇོ་རིའི་ཚད་འཇལ་རི་འཛེག་རུ་ཁག་ཇོ་རིར་འཛེག་བཞིན་ཡོད་པ་དང་ཇོ་རིའི་མཐོ་ཚད་ཉིན་ཁ་ཤས་ཀྱི་རྗེས་སུ་གསར་བརྗེས་བྱ་རྩིས་ཡོད།   དེ་སྔོན་བདེ་ཆེན་བ་ཇོ་རིར་འཛེགས་མྱོང་མེད་པ་ཤེས་རྗེས་ཁོང་གིས་ཇོ་རིའི་རྩེ་མོར་འཛེགས་རྒྱུའི་ཐག་བཅད་པ་དང་2020ལོའི་ཟླ་5པར་ཁོང་གིས་ཁུན་མིང་དུ་ཇོ་རིའི་རྩེ་མོར་འཛེགས་མཁན་གཉིས་ཁྲིད་ནས་ཇོ་རིའི་རྩེ་མོར་འཛེག་པའི་འཆར་གཞི་ལག་ལེན་དུ་བསྟར་བའི་འགོ་ཚུགས་པ་རེད། ཧ་པ་རི་བོ་ནི་རི་འཛེག་སྦྱོང་བརྡར་གྱི་འཇུག་སྒོ་རིམ་པའི་གངས་རི་ཡིན་པ་དང་དབྱང་ཆོན་གྱིས་ཧ་པ་རི་བོ་དེ་རི་འཛེག་ས་ཚིགས་དང་པོར་བརྩིས། 2020ལོའི་ཟླ་6པའི་ཚེས་12ཉིན་ཧ་པ་རི་བོར་ཐོག་མར་འཛེགས་རྗེས་དབྱང་ཆོན་གྱིས་ས་བབ་མཐོ་ཚད་སྨི་5396ཟིན་པའི་ཧ་པའི་རི་བོའི་ཐོག་ཐེངས་10བསྟུད་མར་འཛེགས་ནས་ཇོ་མོ་གླང་མར་འཛེགས་པར་རྨང་གཞི་བཏིང་བ་རེད། དེའི་རྗེས་ཀྱི་ཟླ་བ་ཁ་ཤས་ནང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6178ཡོད་པའི་གཡང་འབྲུག་ལྷ་རྩེ་སོགས་གངས་རི་འགར་བསྟུད་མར་འཛེགས་པ་རེད།2020ལོའི་ཟླ་9པའི་ཚེས་30ཉིན་དབྱང་ཆོན་གྱིས་རི་འཛེག་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་ཏེ་ས་བབ་མཐོ་ཚད་ལ་སྨི་8201ཟིན་པའི་འཛམ་གླིང་གི་མཐོ་ཚད་མཐོ་ཤོས་ཨང་དྲུག་པ་ཡིན་པའི་ཇོ་བོ་དབུ་ཡག་གི་རྩེ་མོར་འཛེགས་པ་དང་ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཁོ་རང་རྒྱལ་ཁབ་རི་འཛེག་རྣམ་གྲངས་ཀྱི་རིམ་པ་དང་པོའི་ལུས་རྩལ་པར་གཏན་འཁེལ་བྱས་པ་རེད།2021ལོའི་ཟླ1པོའི་ཚེས་1ཉིན་དབྱང་ཆོན་ཇོ་མོ་གླང་མའི་རི་འཛེག་གསོ་སྦྱོང་ནང་ཞུགས་པ་མ་ཟད། རུ་ཁག་ཡོངས་ཀྱི་ཨང་དང་པོ་ཐོབ་པའི་གྲུབ་འབྲས་ཐོག་ནས་བབ་མཐོ་ཚད་སྨི་5254.5ཡོད་པའི་མཚོ་སྔོན་གྱི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་སྟེང་འཛེགས་ནས་བདེ་བླག་ངང་ཇོ་མོ་གླང་མའི་བྱང་ངོས་ཀྱི་རི་འཛེག་ཐོབ་ཐང་ཐོབ་པ་རེད། 

    ད་ལོའི་ཟླ་5པའི་ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་47ཐོག་དབྱང་ཆོན་གྱིས་ཀྲུང་གོའི་ཚན་ཞིབ་རུ་ཁག་དང་མཉམ་དུ་ཇོ་མོ་གླང་མའི་རྩེ་མོར་འཛེགས་ནས་ཇོ་མོ་གླང་མར་འཛེག་མཁན་བདེ་ཆེན་བ་དང་པོ་དེར་གྱུར་ཡོད།  ཇོ་མོ་གླང་མར་འཛེགས་རྗེས་དབྱང་ཆོན་གྱིས་འཛམ་གླིང་ཐོག་གི་མཐོ་ཤོས་སུ་བདེ་ཆེན་སེམས་ཀྱི་ཉི་ཟླའི་མཚན་བྱང་བཀོད་པ་དང་།   ཁོང་གིས“ཡུན་ནན་བདེ་ཆེན་འཛམ་གླིང་སེམས་ཀྱི་ཉི་ཟླས་ཁྱེད་ལ་དགའ་བསུ་ཞུ”ཞེས་བྲིས་ཡོད་པའི་འཕྲེད་འགེལ་སྦྱར་ཚིག་ཀྱང་རི་རྩེར་བསྣམས་ཡོད།   ཟླ་5པའི་ཚེས་24ཉིན་གྱི་ཕྱི་དྲོའི་ཆུ་ཚོད་16པར་ཁོང་བདེ་བླག་ངང་ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཕྱིར་ལོག་པ་རེད།