རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-05   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
འདི་ནི་མགོན་པོ་དོན་འགྲུབ་ཀྱིས་དཔེ་རྙིང་ལེགས་སྒྲིག་བྱེད་བཞིན་པའི་ཚུལ་རེད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་ནས་རྒྱུས་ལོན་ལྟར་ན། ཉེ་བའི་ལོ་འགའི་རིང་བོད་ལྗོངས་བོད་སྨན་ཁང་གིས་ཤུགས་ཆེན་པོས་བོད་ཀྱི་གསོ་རིགས་དང་བོད་སྨན་ཚད་ལྡན་ཡིག་ཆ་ལེགས་སྒྲིག་ཞིབ་འཇུག་དང་། དཔེ་སྐྲུན་བེད་སྤྱོད་ཐད་སྐུལ་འདེད་བྱས་པས་གྲུབ་འབྲས་གཡུར་ཟ་བླངས་ཤིང་། ན་ནིང་བོད་ཀྱི་གསོ་རིག་དང་བོད་སྨན་དཔེ་རྙིང་ཚད་ལྡན་ཡིག་ཆ་རྩ་ཆེན25དཔེ་སྐྲུན་འགན་ཁུར་ལེགས་འགྲུབ་བྱས།
བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་ཚད་ལྡན་ཡིག་ཆ་ཞིབ་འཇུག་སའོ་ཡི་རབ་འབྱམས་པ་མགོན་པོ་དོན་འགྲུབ་ཀྱིས། ན་ནིང་བོད་སྨན་ཁང་གིས《ཀྲུང་ཧྭ་བོད་སྨན》ཞེས་པའི་བོད་ཀྱི་གསོ་རིག་རིགས54དཔེ་རྙིང་ནང་དོན་མདོ་གནད་ཡིག་སྒྱུར་གྱི་ཞུ་དག་དང་། བོད་ཀྱི་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་རྩ་ཆེན25དཔེ་སྐྲུན་འགན་ཁུར་ལེགས་འགྲུབ་བྱས། 《ཀྲུང་ལུགས་གསོ་རིག་དཔེ་རྙིང་རྩ་ཆེན་སླར་གསོ་དང་བཤེར་འབེབས》དཔེ་ཆའི་དཀར་ཆག50ཁྲོད་མ་ཡིག25བཤེར་འབེབས་དང་བསྐྱར་དཔེར་འགན་ཁུར་འགྲུབ་པ་རེད། གཞན་ཡང་འགྲེམ་སྟོན་ཁང་སོགས་སུ་ཉར་བའི་དཔེ་རྙིང་དཔེ་ཆའི་དཀར་ཆག་མང་ཤས་ཀྱི་རྨང་གཞིའི་གནས་ཚུལ་འཚོལ་ཞིབ་འགན་ཁུར་དང་དཔེ་རྙིང་ཚད་ལྡན་ཡིག་ཆ་རྩ་ཆེན25སླར་གསོ་འགན་ཁུར་ཡང་ལེགས་འགྲུབ་བྱུང་།
བརྗོད་རིན་ཡོད་པ་ཞིག་ནི། ན་ནིང་བོད་རང་སྐྱོང་བོད་སྨན་ཁང་གིས་ནོར་བུ་གླིང་ག་དོ་དམ་ཁྲུའུ་དང་མཉམ་སུ་ནོར་བུ་གླིང་གའི་བོད་ཀྱི་གསོ་རིག་དང་བོད་སྨན་སྐོར་གྱི་གནམ་དཔྱད་སྐར་རྩིས་དཔེ་རྙིང་བེད་སྤྱོད་ལས་གཞི་སྤེལ་ཞིང་། ཟླ་བཞི་རིང་ཧུར་བརྩོན་བྱས་པ་བརྒྱུད་དེ་བོད་ཀྱི་གསོ་རིག་དང་བོད་སྨན་དང་འབྲེལ་བའི་ཏ་ལའི་ལོ་མའི་དཔེ་རྙིང་རྒྱུ་ཆ་ཁྲི3ལྷག་གི་བཤེར་འབེབས་དང་བརྙན་ལེན་ལས་དོན་ལེགས་འགྲུབ་ཟིན་ཞིང་། དེ་ནང་བོད་ཀྱི་གསོ་རིག་དང་བོད་སྨན་དཔེ་རྙིང་ཚད་ལྡན་ཡིག་ཆའི་རྒྱུ་ཆ200ལྷག་འདུས་ཤིང་། གནམ་དཔྱད་སྐར་རྩིས་དཔེ་རྙིང་ཚད་ལྡན་ཡིག་ཆའི་རྒྱུ་ཆ30ལྷག་འདུས་པས། ཐེངས་འདིར་བསྡུ་ལེན་བྱས་པའི་དཔེ་རྙིང་ཚད་ལྡན་ཡིག་ཆ་ནང95%ཡན་ནི་ལག་བྲིས་ཡིན།
འདི་ནི་སྨན་པ་མགོན་པོ་དོན་འགྲུབ་ཀྱིས་བདེ་སྐྱིད་མཚོ་མོ་དང་མཉམ་དུ་འགྲེམ་སྟོན་སོགས་སུ་ཉར་བའི་བོད་ཀྱི་གསོ་རིག་དང་བོད་སྨན་དཔེ་རྙིང་འདྲི་རྩད་བྱེད་བཞིན་པའི་ཚུལ་རེད།
ད་ལོར་བོད་སྨན་ཁང་གིས་རྒྱུད་མཐུད་རང་བཞིན་གྱི་ལས་གཞི《བོད་ཀྱི་གསོ་རིག་གི་སྐར་རྩིས་དཔེ་རྙིང་མ་དཔེའི་བསྡུ་ལེན་དང་འཚོལ་ཞིབ། ཐེངས་གཉིས་པའི་གསར་སྤེལ》དང་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་ཡི་ལས་གཞི《ཀྲུང་ཧྭ་བོད་སྨན》། 《ཀྲུང་ལུགས་གསོ་རིག་དཔེ་རྙིང་རྩ་ཆེན་སླར་གསོ་དང་བཤེར་འབེབས》ལས་དོན་སྤེལ་རྒྱུ་རེད། །