2023ལོར་བདེ་ཆེན་གྱི་སློབ་མ2532མཐོ་རྒྱུགས་ནང་ཞུགས་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་6པའི་ཚེས་7ཉིན་ནི་ལོ་རེ་ལ་ཐེངས་རེའི་མཐོ་རྒྱུགས་བྱེད་པའི་ཉིན་མོ་ཡིན་ལ།  ད་ལོར་བདེ་ཆེན་ཁུལ་དུ་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་མི་གྲངས་2532ཟིན་པ་དང་མཐོ་རིམ་ལས་རིགས་རྐྱང་པར་མི་462བསྡུས་རྗེས་མཐོ་རྒྱུགས་ནང་དངོས་སུ་ཞུགས་མཁན་མི་གྲངས་2070ཟིན་ཡོད།

         ཤེས་གསལ་བྱུང་དོན། ཁུལ་ཡོངས་སུ་ཁྱོན་བསྡོམས་རྒྱུགས་ཁུལ་གཉིས་དང་རྒྱུགས་ལེན་ས་ཚིགས་གསུམ་བཙུགས་ཡོད་པ་དང་། ཁུལ་མི་རིགས་སློབ་འབྲིང་དུ་རིག་གནས་ལོ་རྒྱུས་རིགས་ཀྱི་རྒྱུགས་ར་30དང་། ཁུལ་སེམས་ཀྱི་ཉི་ཟླ་སློབ་འབྲིང་དུ་རང་བྱུང་རིག་པའི་རིགས་དང་སློབ་གྲྭ་གསུམ་གྱི་སློབ་མའི་རྒྱུགས་ར་29  འབའ་ལུང་རྫོང་གི་རིག་གནས་ལོ་རྒྱུས་རིགས་དང་རང་བྱུང་རིག་པའི་རིགས་ཀྱི་རྒྱུགས་ར་14བཅས་ཁྱོན་བསྡོམས་རྒྱུགས་ར་73བཀོད་སྒྲིག་བྱས་ཡོད།  ཐེངས་འདིའི་མཐོ་རྒྱུགས་ནང་ཁུལ་ཡོངས་ཀྱི་སློབ་ཁྲིད་སྡེ་ཚན་གྱིས་རྒྱུགས་སྤྲོད་ས་ཚིགས་ཁག་གི་ལྟ་ཞིབ་པ་སོགས་རྒྱུགས་སྤྲོད་དང་འབྲེལ་བ་ཡོད་པའི་ལས་དོན་མི་སྣ་ཁྱོན་380འཐེན་སྤྱོད་བྱས་པ་དང་། རྒྱུགས་སྤྲོད་ས་ཚིགས་ཁག་གནས་སའི་ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་དང་། སྐྱེལ་འདྲེན། མེ་ཟོན་སོགས་སྡེ་ཚན་ཚང་མར་ཞབས་ཞུའི་བྱ་ཐབས་དང་འགན་ལེན་མི་སྣ་འདང་ངེས་བཀོད་སྒྲིག་བྱས་ནས་མཐོ་རྒྱུགས་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད་པ་རེད།