རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-14   རྩོམ་ཁུངས།    中国藏语广播CNR
སྤྱི་ཟླ་6ཚེས་10ཉིན། “བོད་ཀྱི་མཆོག་ནོར”ཞེས་པའི་ཆབ་མདོ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་རིག་དངོས་འགྲེམས་སྟོན་ཏེ། བོད་ཀྱི་གསོ་རིག་རྒྱུད་བཞིའི་རྩ་ཆེའི་ཐང་གའི་འགྲེམ་སྟོན་དེ་ཐེན་ཅིན་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱས་པ་དང་། བོད་ལུགས་གསོ་རིག་གི་ཐང་ག་གཙོ་བོར་བྱས་ནས་བོད་མི་རིགས་ཀྱི་གསོ་རིག་དང་སྨན་རྫས་ཀྱི་ཉིང་བཅུད་འགྲེམས་སྟོན་བྱས་ཡོད་པ་རེད།
སྤྱི་ཟླ་6ཚེས་11ཉིན། འགྲེམས་སྟོན་བྱ་ཡུལ་དུ་སྤེལ་བའི་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་པའི་འོས་འགན་སྨན་བཅོས་བྱེད་སྒོར་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། འགྲེམས་སྟོན་དང་མཉམ་འགུལ་གྱི་རྣམ་པའི་ཐོག་ནས་ལྟད་མོ་བ་དེ་བས་མང་བས་བོད་ལུགས་གསོ་རིག་གི་རིག་གནས་ཤེས་རྟོགས་དང་ཉམས་ལེན་གཏིང་ཟབ་བྱས་ཡོད་པ་རེད།
བོད་ལུགས་གསོ་རིག་གི་ཐང་ག་ནི་བོད་ལུགས་གསོ་རིག་སྨན་རྫས་དང་ཐང་གའི་སྒྱུ་རྩལ་ཟུང་འབྲེལ་བྱས་པ་ཞིག་དང་། བོད་ལུགས་གསོ་རིག་གི་དགེ་སློབ་བར་རྒྱུན་འཛིན་བྱེད་པའི་སློབ་ཁྲིད་ཀྱི་ཡོ་བྱད་ཅིག བོད་ལུགས་གསོ་རིག་སྨན་རྫས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་རྒྱབ་པའི་འགྲེལ་བཤད་གསོན་ཉམས་དོད་པོ་ཞིག་བཅས་རེད། ཡུལ་དངོས་སུ་འགྲེམས་སྟོན་བྱས་པའི་ཐང་གའི་བརྩམས་ཆོས་ནི་ཚོན་ཁྲ་ཅན་གྱི་ཐང་ག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་མཁས་ཅན་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཆོས་གཞུང་ཚེ་རིང་གིས་ཚད་ལྡན་ཡིག་ཆ་གཞིར་བཟུང་ཞིབ་ཚགས་ངང་འབྲི་བཞེངས་བྱས་པ་ཞིག་ཡིན་ཞིང་། དེའི་ནང་དོན་ཁྲོད་བོད་ལུགས་གསོ་རིག་གི་ཤེས་བྱ་སྟེ། དཔེར་ན། རུས་པའི་གྲུབ་ཆ་དང་། དབང་རྩའི་རྩ་རིགས། ནད་གཞིའི་གནས་ཚུལ། བརྟག་དཔྱད་བྱེད་ཐབས་སོགས་ཚུད་ཡོད་པ་རེད།