རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-15   རྩོམ་ཁུངས།    中国藏族网通
འབྲས་དང་ཕྱེ་གཉིས་ལས་གང་ལ་འཚོ་བཅུད་ལྡན་ཞེ་ན།
རང་རྒྱལ་དུ་འབྲས་དང་ཕྱེ་གཉིས་ཀྱིས་ཟ་མའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ཟ་མ་གཙོ་བོ་ཞིག་རེད། ཉིན་རྒྱུན་གྱི་འཚོ་བའི་ཁྲོད། མི་ལ་ལ་འབྲས་བཟའ་བར་དགའ། ལ་ལ་ཕྱེ་བཟའ་བར་དགའ། ད་དུང་ཁྱིམ་ཚང་ལ་ལས་འབྲས་དང་ཕྱེ་བཟའ་བའི་བར་ནས་རྩོད་པ་ཤོར། བཟའ་འཐུང་ལ་ཁྱད་པར་འདི་འདྲ་ཤོར་བའི་རྒྱུ་མཚན་ཅི། འབྲས་དང་ཕྱེ་གཉིས་ལས་གང་ཟས་ན་བཟང་བའམ་ཇི་ལྟར་བདེ་ཐང་སྒོས་བཟའ་དགོས་ཟེར་ན།
དང་པོ། འབྲས་དང་ཕྱེ་གཉིས་ལས་གང་ཟས་ན་ལུས་པོ་རྒྱགས་སླ།
དྲིས་ལན་ནི་ཕྱེ་ཟས་ན་རྒྱགས་སླ།
ཟ་མ་གཙོ་བོ་ནི་ཉིན་རེའི་ཟ་མའི་ནུས་རྒྱུ་བསྡུ་ལེན་ཁྲོད་ཚད་ཆེན་པོ་ཟིན། དེ་བས་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་བཞིན་པའི་མི་ལ་མཚོན་ན། འབྲས་དང་ཕྱེ་གཉིས་ལས་གང་ཟས་ན་རྒྱགས་སླ་བ་དེར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། དེས་ན་གང་ཟས་ན་རྒྱགས་སླ་ཞེ་ན། འདིའི་སྐོར་གྱི་ཞིབ་འཇུག་ཁྲོད། འབྲས་དང་ཕྱེ་ལས་བཟོས་པའི་ཟ་མའི་རིགས་ལས། ལྟོས་བཅོས་ཀྱིས་ཕྱེ་ཟས་ན་རྒྱགས་སླ།
ཐོག་མར། གྲོ་ཟས་ལ་རིགས་ཧ་ཅང་མང་། དཔེར་ན། གོ་རེ་སྣུམ་བཙོས། གོ་རེ་སྣུམ་ལྕུག ཚོད་མ། པེ་ཤུ། པ་ལི། ཟངས་སྲེགས་གོ་རེ། གོར་སོབ། སོབ་གོར་སོགས་ཡོད། ཟ་མ་འདི་དག་རོ་ཞིམ་པར་མ་ཟད། སྣུམ་དང་ཀ་ར་མང་། དྲོད་ཚད་ཐོག་ནས་བལྟས་ན། གྲོ་ཟས་མང་ཆེ་བའི་དྲོད་ཚད་འབྲས་ལས་མཐོ། དཔེར་ན། གོ་རེ་རླངས་བཙོས་དང་ཅོང་རྡོག སྣུམ་གོར་གྱི་དྲོད་ཚད་སོ་སོ་འབྲས་ཚོས་མ་ལས་ལྡབ1.8དང2། 3.5བཅས་རེད། གལ་ཏེ་ཇ་ཁ་ཚང་མར་གྲོ་ཟས་བཟའ་བའམ་ནུས་ཚད་ལ་ཚོད་མེད་ན། ལུས་པོ་རྒྱགས་ཐག་ཆོད་རེད། གཞན་ཡང་། མིག་སྔར་གྱི་ཞིབ་འཇུག་ལས་མངོན་པར། བཟའ་ཚད་དང་བཟའ་ཐེངས་འདྲ་མཚུངས་འོག འབྲས་ཡིས་གྲོ་ཟས་བརྗེ་ན། ལུས་པོའི་ཚིལ་ཞག་ཚད་ལས་བརྒལ་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ། ཉེ་སྔོན་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གསོ་རིག་པུའུ་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་ཞིབ་འཇུག་ཅིག་ཏུ། མི་ཁྲི10ལྷག་གི་ཟ་མ་གཙོ་བོ་དང་ལུས་པོའི་རྒྱགས་ཚད་བར་གྱི་འབྲེལ་བར་ལྟ་ཞིབ་བྱས་པ་དང་། མཇུག་འབྲས་ནི་གྲོ་ཟས་བཟའ་བའི་མི་དང་བསྡུར་ན། འབྲས་བཟའ་བར་དགའ་བའི་མིའི་ཕོ་བའི་ཚིལ་ཞག་ཅུང་ཉུང་།
གལ་ཏེ། གྲོ་ཟས་བཟའ་བར་ཤིན་ཏུ་དགའ་བར་མ་ཟད། དྲོད་ཚད་བསྡུ་ལེན་ཇེ་ཉུང་དུ་བཏང་སྟེ་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་འདོད་ན། འབྲས་རྩིང་འདུས་པའི་གྲོ་ཟས་བཟའ་བ་ལས་གཞན། སྣུམ་དང་ཀ་ར་མང་བའི་གྲོ་ཟས་བཟའ་བ་ཇེ་ཉུང་གཏོང་དགོས། གཞན་ད་དུང་བཟའ་ཚད་ལ་ཚོད་འཛིན་དགོས། རྒྱུན་ལྡན་འོག ཇ་ཁ་གཅིག་ལ་གཙོ་ཟས་ཁུ་ཚུར་གཅིག་གམ་གཅིག་དང་ཕྱེད་ཀའི་ཚད་ཟས་ན་རན།
འབྲས་དང་ཕྱེ་གཉིས་ལས་གང་ལ་འཚོད་བཅུད་ལྡན་ནམ།
དྲིས་ལན་ནི་འཚོ་བཅུད་ལ་ཁྱད་པར་མེད།
འབྲས་དང་གྲོ་ཟས་ཀྱི་འགན་གཙོ་བོ་ནི་ཐཱན་ཆུ་འདྲེས་སྦྱོར་དངོས་པོ་དང་དྲོད་ཚད་མཁོ་འདོན་བྱེད་རྒྱུ་དེ་རེད། འདིའི་སྟེང་ནས་གཉིས་ཀར་ཁྱད་པར་ཧ་ལམ་མེད། སྤྲི་དཀར་རྫས་ཀྱི་འདུས་ཚད་ཐོག་ནས། གྲོ་ཕྱེ་དེ་འབྲས་ལས་ཅུང་མཐོ། འོན་ཀྱང་གཉིས་ཀའི་སྤྲི་དཀར་རྫས་ཀྱི་སྤུས་ཚད་ཚང་མ་ཤ་དང་སྒོ་ང་འོ་མ་དང་མི་འདྲ་བར་ལུས་ཕུང་གིས་བསྡུ་ལེན་བྱེད་དཀའ། ཟ་མའི་ཚི་སྣའི་འདུས་ཚད་ཐོག གྲོའི་ཞུ་མི་ཐུབ་པའི་ཚི་སྣ་འབྲས་ལས་ལྡབ18གྱིས་མང་ནའང་། ལས་སྣོན་རྗེས་ཀྱི་གྲོ་ཕྱེའི་ཚི་སྣ་མང་པོ་ཤོར་བ་དང་ཁེ100རེར་ཚི་སྣ་ཁེ0.8ལས་མེད་པ་དང་། འབྲས་ཀྱི་འདུས་ཚད་དང་ཁྱད་པར་ཆེར་མེད། འཚོ་རྒྱུ་དང་གཏེར་རྒྱུ་སོགས་གཞན་དག་གི་འཚོ་བཅུད་འདུས་ཚད་ལ་ཁྱད་པར་ཆེན་པོ་མེད།
ཕྱོགས་གཅིག་ཏུ་བསྡུས་ན། འབྲས་དང་ཕྱེ་གཉིས་ལས་གང་ལ་འཚོ་བཅུད་ལྡན་པའི་སྟེང་ཐེ་ཚོམ་སྐྱེས་མི་དགོས། ཟས་གཙོ་བོའི་འཚོ་བཅུད་ལ་བལྟས་ན། འབྲས་རྩིང་སྡེབ་པ་དང་། འབྲུ་སྣ་སྣ་ཚོགས་བཟའ་དགོས། དཔེར་ན། འབྲས་བཟའ་བར་དགའ་བའི་མིས་རྩིང་འབྲུ་རྩིང་སྲན་གྱིས1/3གི་འབྲས་ཀྱི་ཚབ་བྱེད་པ། གཞན། ཡུག་ཟས། འབྲས་ནག ནས། ལི་མའེ་ཟས། དཀྱུས་འབྲས་ཟ་མ། སྲན་ནག སྲན་དམར་སོགས་ཀྱི་ཟ་མ་འདེམ་དགོས། གྲོ་ཟས་བཟའ་བར་དགའ་བའི་མིས་རྩིང་འབྲས་ཀྱིས་གྲོ་ཕྱེ་ཡི་ཆ་ཤས་འགའི་ཚབ་བྱེད་དེ། བྲ་མོག་དང་མ་རྨོས་ལོ་ཏོག་གི་གོ་རེ། ཀྲོ་ཐུག ཀའོ་ལིའང་ཐུག་པ། བྲ་བོ་ཐུག་པ་སོགས་འདེམ་ན་བཟང་།
འབྲས་དང་ཕྱེ་གཉིས་ལས་གང་གིས་ཁྲག་ཧྭགས་ཇེ་མཐོར་གཏོང་བ་ཡིན་ཞེ་ན།
དྲིས་ལན་ནི་གཉིས་ཀ་ཕལ་ཆེར་གཅིག་མཚུངས་རེད།
ཁྲག་ཧྭགས་ཕྱོགས་ནསGIགྲངས་ཐང་ལ་བལྟ་དགོས། GIགྲངས་ཐང་ཇི་ལྟར་མཐོ་ན་བཟས་རྗེས་ཁྲག་ཧྭགས་དེ་ལྟར་མཐོ། འབྲས་དང་ཕྱེ་གཉིས་ཀGIགྲངས་ཐང་མཐོ་བའི་རིགས་ཡིན་པ་དང་། འབྲས་ཀྱིGIགྲངས་ཐང82དང་ཅོང་རྡོག་གིGIགྲངས་ཐང85རེད། དེ་གཉིས་ཀྱི་ཐཱན་ཆུ་འདྲེས་སྦྱོར་རྫས་འདུས་ཚད་ཕལ་ཆེར་མཚུངས་པས། ཁྲག་ཧྭགས་འཕེལ་བའི་ནུས་པའང་ཕལ་ཆེར་འདྲ། དེ་གཉིས་རྒྱུན་དུ་ཟས་ན་ཁྲག་ཧྭགས་ཚོད་འཛིན་བྱེད་པར་ཕན་པ་མེད། ད་རུང་། མི་མང་པོ་འབྲས་རྡུར་འཐུང་བར་དགའ། འབྲས་རྡུར་བསྐོལ་བའི་དུས་ཚོད་ཅི་ལྟར་རིང་ནGIགྲངས་ཐང་དེ་ལྟར་མཐོ། ཟས་རྗེས་ཁྲག་ཧྭགས་ཡང་དེ་མཚུངས་ཀྱིས་མཐོ།
གཅིན་པ་མངར་འགྱུར་གྱི་ནད་པས་ཁྲག་ཧྭགས་ཚོད་འཛིན་བྱེད་དགོས་ནའང་། ཁྲག་ཧྭགས་ཚོད་འཛིན་བྱ་ཆེད་ཟ་མ་གཙོ་བོ་མི་བཟའ་བ་ནི་ནོར་འཁྲུལ་ཅིག་རེད། དེའི་སྐོར་ལ་གཤམ་གྱི་བསམ་ཚུལ་འདི་བཞི་འདོན་རྒྱུ་ཡོད་དེ།
1.རྩིང་ཞིབ་ཟུང་འབྲེལ་བྱེད་དགོས།
འབྲུ་རིགས་གཞན་དག་བཟའ་དགོས་ཏེ། དཔེར་ན། ཅོང་རྡོག་བྲ་མོག་ལ་བརྗེ་ན། GIགྲངས་ཐང85ནས67ལ་འགྲིབ་སྲིད། གཞན་ཡང་འབྲས་ཡུག་ཟས་སུ་བརྗེ་ནGIགྲངས་ཐང82ནས42ལ་འགྲིབ་འགྲོ།
དེ་ལས་གཞན། འབྲས་བཙོ་སྐབས་སུ་སྲན་རིགས་བསྲེས་པ། ཞིབ་འཇུག་ལས་མངོན་པར། སྲན་འབྲས་བསྲེས་མའི་རྡུར་ཐུག་ལས་བྱུང་བའི་ཁྲག་ཧྭགས་ཅུང་དམའ་ལ། ཕོ་བ་རྒྱགས་པའི་སྟོན་གྲངས་ཡང་འབྲས་རྐྱང་ལས་མཐོ། འགྱུར་བ་འདི་དག་གིས་ཁྲག་ཧྭགས་ལ་ཚོད་འཛིན་བྱེད་པར་ཕན་པར་མ་ཟད། ཟ་མ་བཟའ་ཚད་ལ་ཡང་ཚོད་འཛིན་བྱེད་པར་ཕན། སྲན་རིགས་འཐག་རྗེས་སྲན་ཕྱེ་ཡིས་ཅོང་རྡོག་ལས་ན་ཡང་བྲོ་བ་མི་འདྲ་བ་ལྡན།
2. ཟ་མ་བཙོ་སྐབས་རྡུར་དུ་མི་འཇུག་པ།
འབྲས་བཙོ་སྐབས། འབྲས་དང་ཆུ་ཡི་བསྡུར་ཚད་ཇི་ལྟར་ཆེ་བའམ། ཆུར་སྦངས་པའི་དུས་ཡུན་ཇི་ལྟར་རིང་ན། བཙོ་བའི་མནོན་ཤུགས་ཀྱང་དེ་ལྟར་ཆེ་བས་འབྲས་ཀྱིGIགྲངས་ཐང་ཡང་དེ་ལྟར་ཆེ། འབྲས་ཐུག་སྐོལ་སྐབས་དུས་ཡུན་རིང་མི་རུང་ངོ་།
3. ཟ་མའི་སྡེབ་སྦྱོང་ལ་དོ་སྣང་བྱེད་དགོས།
ཇ་ཐག་གཅིག་གི་ནང་ལ་ཟ་མ་གཙོ་བོ་དགོས་པར་མ་ཟད། སྔོ་ཚོད་དང་སྤྲི་དཀར་རྫས་འདུས་ན་བཟང་། སྡེབ་སྦྱོར་ཡག་པའི་ཟ་མས་ཁྲག་ཧྭགས་ཚོད་འཛིན་བྱེད་པར་ཕན།
4. ཟ་མའི་གོ་རིམ་ལ་ཡིད་འཇོག་བྱེད་དགོས།
སྔོན་ལ་སྔོ་ཚོད་དང་སྤྲི་དཀར་རྫས་འདུས་པའི་ཟ་མ་བཟའ་བ་དང་དེ་ནས་ཟ་མ་གཙོ་བོ་བཟའ་བ། མཇུག་ཏུ་ཁུ་བ་འཐུང་ན་ལེགས།