ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་རིང་བྱེད་སྒོ་འདི་དག་སྤེལ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 (བརྙན་འདིའི་ཡོང་ཁུངས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།)

        བདེ་ཆེན་སེམས་ཀྱི་ཉི་ཟླའི་2023ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་ནི་ཟླ་6པའི་ཚེས་22ཉིན་ནས་ཟླ་6པའི་ཚེས་24ཉིན་བར་གཏོང་རྒྱུ་ཡིན་ལ། མིག་སྔར་དེའི་བྱེད་སྒོ་རབ་དང་རིམ་པ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན།

        བྱེད་སྒོའི་ལས་རིམ་བཀོད་སྒྲིག
        ཟླ་6པའི་ཚེས་22ཉིན། སྔ་དྲོའི་ཆུ་ཚོད་9ཐོག སེམས་ཀྱི་ཉི་ཟླའི་ནག་ལྕོག་རི་བོའི་རྟ་རྒྱུག་ཐང་དུ་འགོ་ཚུགས་མཛད་སྒོ་འཚོགས་ཏེ། རྟ་རྩལ་འཁྲབ་སྟོན་དང་རིག་རྩལ་འཁྲབ་སྟོན་ཆེ་གྲས་སོགས་ཀྱི་ལྟད་མོ་ཡོད།
སྔོན་མའི་རྟ་རྒྱུག་དུས་ཆེན།
        ཟླ་6པའི་ཚེས་20ཉིན་ནས་ཟླ་6པའི་ཚེས་24ཉིན་གྱི་བར། སེམས་ཀྱི་ཉི་ཟླའི་ནག་ལྕོག་རི་བོའི་ལག་རྩེད་སྤོ་ལོའི་ལུས་རྩལ་ཁང་དུ་སྐབས་དང་པོའི་རྡོ་རྗེ་འགྱུར་མེད་བུམ་པའི་ལག་རྩེད་སྤོ་ལོའི་སྤེལ་རེས་འགྲན་བསྡུར་སྤེལ་རྒྱུ།
2018ལོའི་སེམས་ཀྱི་ཉི་ཟླའི་ལག་རྩེད་སྤོ་ལོའི་གདན་འདྲེན་འགྲན་བསྡུར་གྱི་ཡུལ་དངོས།
        ཟླ་6པའི་ཚེས་22ཉིན་ནས་ཟླ་6པའི་ཚེས་24ཉིན་གྱི་བར། སེམས་ཀྱི་ཉི་ཟླའི་ནག་ལྕོག་རི་བོའི་རྟ་རྒྱུག་ཐང་དང་སེམས་ཀྱི་ཉི་ཟླ་རྒྱལ་ཐང་གྲོང་རྡལ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་སོགས་སུ་རྟ་རྒྱུག་འགྲན་བསྡུར་དང་མི་རིགས་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་གྱི་མི་སྒེར་རྣམ་གྲངས་འགྲན་བསྡུར། སྐབས་དང་པོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་པི་ཝང་རོལ་དབྱངས་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ།
སྔོན་མའི་རྟ་རྒྱུག་དུས་ཆེན།
        ཟླ་6པའི་ཚེས་22ཉིན་ནས་ཟླ་6པའི་ཚེས་25ཉིན་གྱི་བར། སེམས་ཀྱི་ཉི་ཟླའི་ནག་ལྕོག་རི་བོ་རྟ་རྒྱུག་ཐང་དུ་དངོས་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུ།
སྣ་མང་ཕུན་སུམ་ཚོགས་པའི་བདེ་ཆེན་གྱི་དངོས་མིན་རིག་གནས་ཤུལ་བཞག
        ཟླ་7པའི་ཚེས་14ཉིན་ནས་ཟླ་7པའི་ཚེས་17ཉིན་གྱི་བར། སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་སྦྱོང་བརྡར་ཁང་དུ་སྐབས་བཅུ་པའི་གཙང་གསུམ་བུམ་པའི་ཕིང་ཕང་སྤོ་ལོའི་མཛའ་བརྩེའི་འགྲན་བསྡུར་སྤེལ་རྒྱུ།
        དུས་མཚུངས་སུ། ནག་ལྕོག་རི་བོའི་རྟ་རྒྱུག་ཐང་དང་། ནག་ཆུའི་ཤར་ལམ་སུ་རྟ་རྒྱུག་འགྲེམ་སྟོན་ཚོགས་འདུ་དང་རྟ་རྒྱུག་དུས་ཆེན་ཡུལ་དངོས་ཀྱི་སིལ་ཟས་སྲང་ལམ། དབྱིབས་ཆུང་སྒར་རྒྱག་མེ་ཕུང་རོལ་དབྱངས་སྒར་ས་མཉམ་འགུལ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།