རྒྱལ་པོ་སྟེང་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

རྒྱལ་པོ་སྟེང་གྲོང་ཚོའི་རྣམ་པ་ཡོངས་རྫོགས།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་རྒྱལ་པོ་སྟེང་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རང་བྱུང་གི་ལྷན་སྐྱེས་ལ་གཞི་ཚུགས་པ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གུར་གུམ་དང་ཀྲུང་ལུགས་སྨན་རྒྱུ། སྟར་ཀ་བཅས་“ཐོན་ལས་ཆེན་པོ་གསུམ་”ལ་དམ་འཛིན་ནན་པོ་བྱས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། “ཟུང་འབྲེལ་”ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཅས་“དམ་འཛིན་བྱ་གཞི་ཆེན་པོ་གསུམ་”ལ་དམིགས་ནས་གནམ་གཤིས་དང་། ས་ཞིང་། ངལ་རྩོལ་ནུས་ཤུགས་བཅས་“ཐོན་ཁུངས་གསུམ་”གང་འགབ་ཅི་སྤྱོད་བྱས་ཏེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད།

སྨན་རྒྱུའི་རྟེན་གཞིའི་ཡུལ་ལྗོངས་ཡོངས།

        གུར་གུམ་གྱི་ཁྱད་ལྡན་ཐོན་ལས་ཡག་པོ་གཉེར་ཏེ་མཉམ་ལས་ཁང་གིས་གྲོང་ཚོའི་མཉམ་སྡེབ་ཀྱི་གུར་གུམ་བཟོ་ཁང་བོགས་མར་བཏང་བ་དེ་བཞིན་ས་ཞིང་འཁོར་རྒྱུག་བྱ་རྒྱུ་དེ་གུར་གུམ་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་དང་འདེབས་འཛུགས་གསོ་སྤེལ་རྟེན་གཞིར་བྱས་པ་བརྒྱུད་ཞིང་དུད་200ལྷག་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་ཚོགས་མིས་གུར་གུམ་འདེབས་འཛུགས་བྱས་པ་བརྒྱུད་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2ཙམ་བྱུང་བ་དང་ཞིང་དུད་དཀྱུས་མས་ལས་མི་བྱས་པ་བརྒྱུད་ལོ་གཅིག་ལ་ཡོང་འབབ་སྒོར་4000བྱུང་བ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ད་ལོའི་ནང་སྔོན་དཔག་བྱས་ན་སྒོར་ཁྲི་15.4ལོན་རྒྱུ་རེད། ཀྲུང་ལུགས་སྨན་རྒྱུའི་ཐོན་ལས་སྟོབས་ཆེར་གཏོང་བ། མིག་སྔར་རྒྱལ་པོ་སྟེང་གྲོང་ཚོ་མཚོ་ཁ་བུ་སྟེང་ཡུལ་ཚོར་དྭ་བ་སོགས་དཔེ་སྟོན་རྟེན་གཞི་མུའུ་200ལྷག་བཙུགས་པ་དང་ལོ་འདིའི་ནང་རིམ་རྩིས་བྱས་ན་ལས་མི་སྤྱོད་ཚད་5500ལོན་པ་མ་ཟད་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མ་དངུལ་སྒོར་ཁྲི་8.3བྱུང་རྒྱུ་རེད། 2020ལོ་ནས་བཟུང་རྒྱལ་པོ་སྟེང་གྲོང་ཚོས་སྟར་ཀའི་ལས་སྣོན་བཟོ་གྲྭ་འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ་སྟར་ཀའི་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ལག་བསྟར་བྱས་པ་རེད། ངལ་ནུས་ལས་མི་སྤྱོད་པ་དང་ས་གནས་དེ་གའི་སྟར་ཀ་ཉོ་སྒྲུབ་བྱས་པ་བརྒྱུད་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཡོད།

གྲོང་མིས་སྨན་རྒྱུའི་རྟེན་གཞིར་སྨན་རྒྱུ་འདེབས་འཛུགས་བྱེད་པ།

        “དམ་འཛིན་བྱ་གཞི་ཆེན་པོ་གསུམ་”ལ་དམིགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུར་ནུས་ལྡན་དང་ཕན་འབྲས་ཐོན་པ། ཀྲུང་ལུགས་སྨན་རྒྱུ་དང་། གུར་གུམ། སྟར་ཀའི་ཐོན་ལས་བཅས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་གྲོང་ཚོའི་ནང་གི་ཏང་ཀྲི་པུའུ་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་དཔེ་སྟོན་བྱེད་པ་དང་བསམ་བློ་གཏོང་ནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་ལས་གཞི་ཁྱོན་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ་རྨང་གཞི་དེའི་ཐོག་རྨང་གཞི་ཡོད་པ་དང་། སྐུལ་ཁྲིད་ཀྱི་ནུས་པ་ཡོད་པ། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡོད་པ་བཅས་ཀྱི་མི་སྣ་ལེགས་འདེམས་བྱས་ཏེ་རྒྱལ་པོ་སྟེང་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་གསོ་སྐྱོང་བྱེད་པའི་ཆ་འཕྲིན་མཛོད་དང་གྲོང་ཚོའི་ལས་བྱེད་པའི་རྗེས་གྲབས་ཤེས་ལྡན་མི་སྣའི་མཛོད་དུ་བཅུག་ནས་ཟུར་བཙུགས་རྩིས་ཁྲ་དོ་དམ་དང་ཨང་ཐོ་བཀོད་ནས་གསོ་སྐྱོང་བྱས་པ།

གྲོང་མིས་གུར་གུམ་འཐུ་བ།

        “རིགས་གསུམ་”གྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་པ་དང་། རྒྱལ་པོ་སྟེང་གྲོང་ཚོས་གནམ་གཤིས་ཐོན་ཁུངས་དང་། ས་ཞིང་ཐོན་ཁུངས། ངལ་རྩོལ་ནུས་ཤུགས་ཐོན་ཁུངས་བཅས་གང་འགབ་ཅི་སྤྱོད་གང་ལེགས་བྱས་པ གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་རྒྱལ་པོ་སྟེང་གྲོང་ཚོའི་ཐུན་མོང་མ་ཡིན་པའི་ལངས་གཟུགས་གནམ་གཤིས་ཀྱི་ཆ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ཏེ་ས་བབ་མཐོ་སའི་ཀྲུང་ལུགས་སྨན་རྒྱུ་ཐོན་ལས་དང་རི་སྐེད་ཀྱི་སྟར་ཀའི་ཐོན་ལས། ཆུ་འགྲམ་གྱི་གུར་གུམ་ཐོན་ལས་བཅས་ཀྱི་ལངས་གཟུགས་ཐོན་ལས་རྣམ་པ་ཆགས་པ་བྱས་ནས་གནམ་གཤིས་ཐོན་ཁུངས་གང་འགབ་ཅི་སྤྱོད་ནུས་ལྡན་བྱས་པ་དང་འབྲེལ་ཀུང་སིས་མཉམ་ལས་ཁང་ལ་བརྟེན་ནས་ས་ཞིང་འཁོར་རྒྱུག་བྱས་ཏེ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་མངོན་འགྱུར་དང་ས་ཞིང་ཐོན་ཁུངས་གང་འགབ་ཅི་སྤྱོད་ནུས་ལྡན་བྱས་པ། མང་ཚོགས་སྨན་རྒྱུའི་ཞིང་ནང་གཡོག་བྱེད་དང་རྟེན་གཞིའི་ལས་གཉེར་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་ནུས་ལྡན་བྱས་པ་རེད།