རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་6པའི་ཚེས་24ཉིན་གྱི་ཕྱི་དྲོ་བདེ་ཆེན་སེམས་ཀྱི་ཉི་ཟླའི་2023ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་གྱི་རྟ་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཚང་མ་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་རྟ་རྒྱུག་འགྲན་བསྡུར་ནང་ཚོ་ཆུང་རིམ་པ་ཀ་པ་དང་། ཁ་པ། ག་པ་བཅས་སུ་ཕྱེས་ཡོད་པའི་སྨི5000དང་། སྨི་3000 སྨི་1000བཅས་ཀྱི་མགྱོགས་ཚད་འགྲན་བསྡུར་དང་། ཚོ་ཆུང་རིམ་པ་ཀ་པ་དང་། ཁ་པ། ག་པ་བཅས་སུ་ཕྱེས་ཡོད་པའི་སྨི་3000དང་། སྨི་1000བཅས་ཀྱི་རྟ་འགྲོས་འགྲན་བསྡུར་དང་རྟ་རྒྱུག་མདའ་འཕེན་འགྲན་བསྡུར། རྟ་རྒྱུག་ཞོར་ཁ་བཏགས་འཐུ་བའི་རྣམ་གྲངས17བཀོད་སྒྲིག་བྱས་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ནམ་གསལ་གྲོང་ཚོའི་འཐུས་མི་རུ་ཁག་གི་བཀག་ཐར་ཚེ་རིང་ལ་ཚོ་ཆུང་རིམ་པ་ཀ་པའི་སྨི5000དང་། ག་པའི་སྨི5000ཡི་མགྱོགས་ཚད་འགྲན་བསྡུར། ཚོ་ཆུང་ཀ་པའི་སྨི3000དང་ཁ་པའི་སྨི3000གྱི་མགྱོགས་ཚད་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་སྟག་མཆོང་གྲོག་རོང་འཐུས་མི་རུ་ཁག་གི་བཀྲ་ཤིས་དོན་འགྲུབ་ལ་ཚོ་ཆུང་ཀ་པའི་སྨི1000དང་། སྨི3000 ཚོ་ཆུང་ཁ་པའི་སྨི3000དང་། ཚོ་ཆུང་ག་པའི་སྨི1000བཅས་ཀྱི་རྟ་འགྲོས་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ།
གཞན་ཡང་སྐད་ཚག་ཤང་གི་འཐུས་མི་རུ་ཁག་ལ་ད་རེས་ཀྱི་འགྲན་བསྡུར་ཁྲོད་ཚོགས་པའི་གྲུབ་འབྲས་ཡག་ཤོས་ཀྱི་མཚན་རྟགས་ཐོབ་པ་དང་།རུ་ཁག་དེའི་ཚེ་རིང་དབང་འདུས་ལ་ཚོ་ཆུང་ཁ་པའི་སྨི1000གི་རྟ་འགྲོས་འགྲན་བསྡུར་དང་། ངག་དབང་ལ་རྟ་རྒྱུག་ཞོར་ཁ་བཏགས་འཐུ་བའི་གསེར་གྱི་རྟགས་མ། ཡུས་ཞུའེ་ཝུན་ལ་ཚོ་ཆུང་ཀ་པའི་སྨི1000གི་མགྱོགས་ཚད་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ། བློ་བཟང་དབང་ཕྱུག་ལ་ཚོ་ཆུང་ཁ་པའི་སྨི1000གི་མགྱོགས་ཚད་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ། ཚོ་ཆུང་ཁ་པའི་སྨི5000ཡི་མགྱོགས་ཚད་འགྲན་བསྡུར་དང་རྟ་རྒྱུག་མདའ་འཕེན་རྣམས་གྲངས་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་དེ་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་འཐུས་མི་རུ་ཁག་གི་ཝུའུ་ཀྲི་ཧྥུའུ་དང་དངོས་གྲུབ་གཉིས་ལ་ཐོབ་པ་རེད། རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་འཐུས་མི་རུ་ཁག་གི་ཆོས་འཕེལ་ལ་ཚོ་ཆུང་ག་པའི་སྨི་3000གྱི་རྟ་འགྲོས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ།
ལི་ཐང་རྟ་རྒྱུག་མཐུན་ཚོགས་ཀྱི་བློ་ཆོས་ནི་ལི་ཐང་འཐུས་མི་རུ་ཁག་གི་འགྲན་ཞུགས་པ་གཅིག་པུ་དེ་ཡིན་ཞིང་། ཁོང་ལ་ཚོ་ཆུང་ག་པའི་སྨི3000དང་། ག་པའི་སྨི1000ཡི་མགྱོགས་ཚད་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་དང་། ཚོ་ཆུང་ག་པའི་སྨི5000ཡི་མགྱོགས་ཚད་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ།
ཏཱ་ལིའི་འཐུས་མི་རུ་ཁག་ནི་ད་ཐེངས་ཀྱི་རྟ་རྒྱུག་འགྲན་བསྡུར་ཁྲོད་རྟ་རྒྱུག་ཞོར་ཁ་བཏགས་འཐུ་བ་དང་རྟ་རྒྱུག་མདའ་འཕེན་གྱི་རུ་ཁག་གཅིག་པུ་དེ་ཡིན་པ་དང་།རུ་ཁག་དེའི་འགྲན་ཞུགས་པ་ལུའུ་ཡོན་ཀྲང་དང་། ཡུས་ལི་ཀང་གཉིས་ལ་རྟ་རྒྱུག་མདའ་འཕེན་ཁྲོད་ཨང་གསུམ་པ་དང་བཞི་བའི་གྲུབ་འབྲས་ཐོབ་ཡོད།