ལྔ་པའི་ཚེས་ལྔའི་གུང་གསེང་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་ཁྲི33སྣེ་ལེན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

           ཉེ་ཆར། ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ས་ཤེས་གསལ་བྱུང་དོན། བདེ་ཆེན་ཁུལ་གྱིས་ལྔ་པའི་ཚེས་ལྔའི་གུང་གསེང་རིང་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་33.58སྣེ་ལེན་བྱས་པ་དང་།ཡུལ་སྐོར་ཡོང་འབབ་སྒོར་ཁྲི་19583.85བྱུང་ཡོད། 

    ཁུལ་ཡོངས་ཀྱི་ལྗོངས་ཁུལ་ཆེ་གྲས་ཁག་གིས་གུང་གསེང་ཡུལ་སྐོར་གྱི་ཡང་རྩེ་ཆུང་ཆུང་བསུས་པ་དང་ཞིང་ཆེན་ནང་གི་ཡུལ་སྐོར་བ་གཙོ་བོའི་མི་ཚོགས་སུ་གྱུར་ཡོད།

    སྡོམ་རྩིས་བྱས་པ་ལྟར་ན། ལྔ་པའི་ཚེས་ལྔའི་གུང་གསེང་རིང་། བདེ་ཆེན་ཡུལ་སྐོར་ཚོགས་པའི་ཁོངས་གཏོགས་ལྗོངས་ཁུལ་གྱིས་ཁྱོན་ཡོངས་མི་ཐེངས་41324སྣེ་ལེན་བྱས་པ་རེད།  དེའི་ཁྲོད་དུ་པོ་ཏ་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་14630སྣེ་ལེན་བྱས་པ་དང་། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་22451སྣེ་ལེན་བྱས་ཡོད།  སྨན་རི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་1121སྣེ་ལེན་བྱས་པ། ཤམ་བྷ་ལ་དུས་འཁོར་བློས་བསླངས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་2752སྣེ་ལེན་བྱས།

  ཞིང་ཆེན་ནང་གི་ཡུལ་སྐོར་བས་བདེ་ཆེན་ཡུལ་སྐོར་ཚོགས་པའི་ཁོངས་གཏོགས་ལྗོངས་ཁུལ་གྱི་སྣེ་ལེན་བྱེད་ཚད་ཀྱི་70.3%ཟིན་པ།  ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བ་3.8%ཟིན་པ། དེ་ནས་སི་ཁྲོན་དང་ཅང་སུའུ། ཀྲེ་ཅང་སོགས་ཀྱི་ཡུལ་སྐོར་བ་ཡོང་ཚད་མང་།