རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་6པའི་ཚེས་22ཉིན་ནས་ཚེས་24ཉིན་གྱི་བར་གཉེར་བའི་དམངས་ཁྲོད་སྒ་ཆས་འགྲེམས་སྟོན་དཔྱད་འདེམས་བྱེད་སྒོའི་ཡུལ་དངོས་སུ། དཔྱད་འདེམས་པ་ཡིས་སྒ་ཆས་ཆ་ཚང་205ཡི་རྒྱུ་ཆ་དང་། ལོ་རབས། བཟོ་རྩལ་དང་དེ་བཞིན་མ་གཞིའི་བཀོད་སྒྲིག ཉར་ཚགས་གནས་ཚུལ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིག་བྱས་ནས་ཁྱོན་བྱ་དགའ་71དཔྱད་འདེམས་བྱས་པ་དང་པ་དེའི་ཁྲོད་རྟ་སྒ་དང་། ཡོབ་རྒྱན། སྒ་གདན། དྲིལ་བུ། རྟ་ལྕག སྒ་རྨེད་བཅས་ཀྱི་རྣམ་གྲངས་རྐྱང་པའི་བྱ་དགའ་27དང་ཕྱོགས་བསྡུས་བྱ་དགའ་11 ཉར་ཚགས་བྱ་དགའ་28དང་རྩ་འཛུགས་བྱ་དགའ་5བཅས་ཚུད་ཡོད། ཐེངས་འདིའི་དམངས་ཁྲོད་སྒ་ཆས་འགྲེམ་སྟོན་དཔྱད་འདེམས་བྱེད་སྒོར་ཡུན་ནན་དང་སི་ཁྲོན། མཚོ་སྔོན། བོད་ལྗོངས་སོགས་ས་ཆ་ནས་ཡོང་བའི་འགྲེམས་སྟོན་ནང་ཞུགས་མཁན་91ཞུགས་ཡོད་པ་དང་། མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པའི་སྒ་ཆས་ཆ་ཚང་205གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པས་དམངས་ཚོགས་དང་ཡུལ་སྐོར་བ་མང་པོ་ཞིག་འགྲེམས་སྟོན་ལ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
ཤེས་གསལ་བྱུང་དོན། 2014ལོའི་སྟོན་ཀའི་རྟ་རྒྱུག་འགྲན་ཚོགས་འགོ་ཚུགས་པ་ནས་བཟུང་། དམངས་ཁྲོད་སྒ་ཆས་འགྲེམས་སྟོན་དཔྱད་འདེམས་བྱེད་སྒོ་སྐབས་བདུན་པ་རྒྱུན་མཐུད་ངང་སྒྲིག་འཛུགས་བྱས་ནས་སྤེལ་ཡོད་པ་དང་། འགྲེམས་ཞུགས་མི་གྲངས་དང་སྒ་ཆས་ཆ་ཚང་སྐབས་དང་པོའི་མི་19་དང་སྒ་ཆས་34་ནས་ད་ཆའི་མི་91་དང་སྒ་ཆས་205་བར་འཕེལ་རྒྱས་ཕྱིན་ཡོད། འགྲེམས་སྟོན་ནང་ཞུགས་པའི་ཁྱབ་ཁོངས་དེ་ཐོག་མའི་གྲོང་ཁྱེར་ནས་ད་ཆའི་ཕྱག་ཕྲེང་དང་འདབ་པ། མུ་ལི་སོགས་མཐའ་འཁོར་གྱི་ས་འབྲེལ་རྫོང་(གྲོང་ཁྱེར་)བར་རྒྱ་ཆེར་བཏང་ནས་སྒ་ཆས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་རྟ་རྒྱུག་འགྲན་ཚོགས་ཀྱི་རིག་གནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དམངས་ཁྲོད་ཀྱི་སྒ་ཆས་རིག་གནས་ཀྱི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་རིན་ཐང་གང་ལེགས་སྒོས་མངོན་ཡོད།