སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་བེ་ཤའི་གླེང་སྟེགས་དང་ཧྲུན་ཧྥུང་སྐུར་སྐྱེལ་ཐག་གཅོད་ཇུས་གཞིའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་2ཉིན།  བེ་ཤ་ལས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་ཞེས་པའི་སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་བེ་ཤ་གླེང་སྟེགས་དང་ཧྲུན་ཧྥུང་སྐུར་སྐྱེལ་ཐག་གཅོད་ཇུས་གཞིའི་ཡོངས་བསྒྲགས་ཚོགས་འདུ་སེམས་ཀྱི་ཉི་ཟླ་ནས་འཚོགས་ཤིང་།  བྱེད་སྒོ་དེ་སེམས་ཀྱི་ཉི་ཟླའི་བེ་ཤའི་དུས་ཚིགས་སུ་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་རྒྱལ་ནང་གི་"བེ་ཤ་"བརྗོད་དོན་གཙོ་བོར་བྱས་པའི་《རྒྱབ་ཤ་དཀར་པོའི་དེབ་》ཐོག་མ་སྟེ་《སེམས་ཀྱི་ཉི་ཟླའི་བེ་ཤ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་》འགྲེམས་སྤེལ་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཧྲེང་ཞང་།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ།  ཡུན་ནན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁུང་ཝེ་ཧྭ།  ཧྲུན་ཧྥུང་ཚོགས་པ་དང་ཡུན་ནན་མཁའ་འགྲུལ་ཐོན་ལས་མ་འཇོག་ཚོགས་པ།  ཞིང་ཆེན་ཚོང་དོན་ཐིང་།  ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་།  ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་བྱེད་སྒོར་ཞུགས།

        ཀྲང་ཝེ་ཏུང་གིས་བསྟན་དོན།  བེ་ཤ་ནི་བདེ་ཆེན་གྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ཁྱད་ལྡན་ཐོན་རྫས་ཀྱི་གྲས་ཤིག་ཡིན་ལ།  རྒྱལ་ཁབ་ཕྱི་ནང་གི་མགྲོན་པོའི་དགའ་བསུ་དང་གོང་བཀུར་ཐོབ་ཡོད།  2021ལོར་བདེ་ཆེན་གྱིས་བེ་ཤ་ཚོང་ཟོག་འཕྲུལ་འཁོར་ཤར་གཏོང་བྱས་ཚུན།  སེམས་ཀྱི་ཉི་ཟླའི་བེ་ཤ་དེ་ཆུ་ཚོད་24ནང་མཁའ་སྐྱེད་བརྒྱུད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་60ལྷག་ཏུ་ཐོན་ཐུབ་པ་དང་།  ཆུ་ཚོད་48ནང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་200ལྷག་ཏུ་ཁྱབ་ཐུབ་སྟེ།  ཉམས་འགྱུར་གསར་ཤོས་ཀྱི་ཐོག་ནས་རྒྱལ་ཡོངས་མི་དམངས་ཀྱི་གསོལ་ལྕོག་ཐོག་སྐྱོད་ཐུབ་ཡོད།  2023ལོར་བདེ་ཆེན་ཁུལ་གྱིས་ཧྲུན་ཧྥུང་ཚོགས་པ་དང་འཐབ་ཇུས་མཉམ་ལས་རྒྱུན་མཐུད་དང་གཏིང་ཟབ་ཏུ་བཏང་ནས་བདེ་ཆེན་གྱི་བེ་ཤ་ཚོང་ཟོག་འཕྲུལ་འཁོར་ཡོངས་ཀྱི་མཁའ་ལམ་རྒྱུན་མཐུད་ངང་སྲ་བརྟན་དང་མཐོར་གཏོང་དང་ལེགས་སུ་བཏང་སྟེ་བདེ་ཆེན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་འཕུར་མཆོང་གི་གཤོག་ཟུང་འཛུགས་རྒྱུ་ཡིན།

        ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཆིན་ཕའེ་ཡིས་《སེམས་ཀྱི་ཉི་ཟླའི་བེ་ཤ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་》 སྐོར་མཚམས་སྦྱོར་བྱས་པ།

        ཚོགས་འདུའི་ཐོག  ཡུན་ནན་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཧྲུའུ་ཧོའེ་ཡིས་ཧྲུན་ཧྥུང་མྱུར་སྐྱེལ་གྱིས་བེ་ཤ་ཐོན་ལས་ཀྱི་སྤུས་ཚད་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྟན།

        ཡུན་ནན་མཁའ་འགྲུལ་ཐོན་ལས་མ་འཇོག་ཚོགས་པའི་ཙུང་ཚའེ་གཞོན་པ་ཏིང་རུང་ལི་ཡིས་ཞིང་ཆེན་ཡོངས་ཀྱི་གནམ་ཐང་གཞི་གཅིག་ཅན་གྱི་དོ་དམ་ལེགས་ཆ་རྒྱུན་མཐུད་ངང་སྤྱད་དེ་"མཁའ་འགྲུལ་ཟོག་འགྲེམས་+ཁྱད་ལྡན་ཐོན་རྫས་"ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པར་བསྟན།

        ཚོགས་འདུའི་ཐོག  སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་བེ་ཤ་གླེང་སྟེགས་སྤེལ་བ་དང་།  ཡུན་ནན་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁུང་ཝེ་ཧྭ་དང་།  ཀྲུང་གོ་བཟའ་བྱའི་ཤ་མོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡུན་ནན་ཞིང་ཆེན་བཟའ་བྱའི་ཤ་མོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སུན་ཏ་ཧྥེང་། ཧྲུན་ཧྥུང་ཚོགས་པའི་ལས་སྒོ་འཕེལ་རྒྱས་ཀྱི་ཙུང་ཚའེ་གཞོན་པ་ཁྲེན་ཅན་ལེན།  ལྷོ་ཁོ་རེ་ཡ་ནས་ཡོང་བ་མ་ཟད་ཤ་མོང་ལས་རིགས་གཉེར་ནས་ལོ་30ལྷག་འགོར་བའི་ཧྲིན་ཀྲིན་ཧའོ།  ཟས་མཆོག་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་དང་དཔྱད་བརྗོད་པ་ཡན་ཐའོ། ལྕེ་ཐོག་གི་ཀྲུང་གོའི་ལེའུ་དང་པོའི་ནང་སེམས་ཀྱི་ཉི་ཟླར་བེ་ཤ་འཐུ་བའི་བུ་མོ་བསྟན་འཛིན་སྒྲོལ་མ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་བྱས་ཏེ་ཐུན་མོང་ཐོག་ཇི་ལྟར་བྱས་ནས་སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ལས་ཀྱི་རིན་ཐང་སྦྲེལ་ཐག་མཐོ་རུ་གཏོང་བ་དང་། ས་རྟགས་སྤུས་རྟགས་དང་དེ་བཞིན་ཐོན་ལས་མང་པོ་རྒྱུན་མཐུད་ངང་འཕེལ་རྒྱས་བཏང་ནས་སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་དོན་སོགས་དཔྱད་བསྡུར་བྱས་པ་རེད།

        བྱེད་སྒོའི་ཐོག་ད་དུང་སེམས་ཀྱི་ཉི་ཟླའི་བེ་ཤ་ནས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་ཞེས་པའི་ཐུམ་སྒྲིལ་ཤོག་སྒམ་དང་སེམས་ཀྱི་ཉི་ཟླའི་"སྦྲག་ཐེལ་"ཆེད་གཏོགས་མྱུར་སྐྱེལ་ཤོག་ལྷེ་འགྲེམས་སྤེལ་བྱས་པ་རེད། བདེ་ཆེན་ཁུལ་ཚན་རྩལ་ཅུས་དང་ཧྲུན་ཧྥུང་མྱུར་སྐྱེལ་གྱིས་མཉམ་འབྲེལ་ཐོག་སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཁུལ་གྱི་མང་ཚོགས་ལ་རིན་མེད་ངང་དྲོད་འཛིན་བང་རིམ་དང་མྱུར་སྐྱོབ་ཁུག་མ་དང་ལག་ཆ་མང་པོ་ནང་བཅུག་ཡོད་པའི་བེ་ཤ་འཚོལ་བསྡུའི་ཆེད་གཏོགས་རྒྱབ་ཁུག་500ཞལ་འདེབས་ཕུལ་ནས་བེ་ཤ་འཐུ་བ་ནས་ཉོ་ཚོང་དང་ཟོག་འགྲེམས་ནས་གསོལ་ལྕོག་བར་གྱི་སྦྲེག་ཐག་ཧྲིལ་པོའི་སྤུས་ཚད་འགན་ལེན་ཁག་ཐེག་བྱས་པ་རེད།

        བཟའ་བྱའི་ཤ་མོའི་འབྲེལ་ཡོད་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་གླེང་སྟེགས་སྐུ་མགྲོན་དང་དེ་བཞིན་རྒྱལ་ནང་གི་གསར་འགྱུར་སྨྱན་སྦྱོར་20ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།