ཕོ་བའི་སྐྲན་ནད་ནི་ཕལ་ཆེར་ཟས་འདི་དག་གིས་བྱུང་བ་ཡིན་པས་གཟབ་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-03   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        སྤྱི་ཟླ་6ཚེས་28ཉིན་གནས་ཚུལ་བཀོད་པར།  སྐྲན་ནད་ནི་འཇིགས་སུ་རུང་བ་ཞིག་མོད། འོན་ཀྱང་སྔོན་འགོག་བྱ་མི་ཐུབ་པ་ཞིག་མིན་པར། ལྷག་པར་ཏུ་འཚོ་བའི་གོམས་གཤིས་དང་ཟ་འཐུང་གོམས་སྲོལ་ནི་སྐྲན་ནད་བསླངས་པའི་ཐད་ཀའི་རྒྱུ་རྐྱེན་ཡིན།

གནས་ཚུལ་བཀོད་པར།  ཕོ་བའི་སྐྲན་ནད་ནི་རང་རྒྱལ་གྱི་ནད་བྱུང་ཚད་ཨང་གཉིས་པ་ཟིན་པའི་སྐྲན་ནད་ཅིག་ཡིན་པ་དང་། ཁྱད་པར་ཏུ་བསྲེག་ཟས་དང་བསྙལ་ཟས། སྣུམ་བཙོས་ཟས་རིགས།  དུ་བ། ཆང་སོགས་ལ་དགའ་བའི་གྲོགས་པོ་ཚོ།   ཁྱོད་ཀྱིས་ཞིམ་ཟས་འདི་རིགས་ཟ་ཞོར་ཆང་བཏུང་ནས་ལོངས་སུ་སྤྱོད་པའི་སྐབས་སུ་ལུས་ཕུང་གི་བག་ལ་ཉལ་བའི་ཕོ་བའི་སྐྲན་ནད་ཕྲ་ཕུང་དག་གིས་ཀྱང་རྒྱགས་ཚད་ཅིག་ཟ་བཞིན་ཡོད་དོ།

        ཁྱད་པར་ཏུ་ཟ་མ་མི་བགོ་བའི་གནས་སུ་ཟས་སྤྱོད་ཡོ་བྱད་དེ་དག་ཀྱང་ཕོ་བའི་སྐྲན་ནད་ཀྱི་འགོ་ཁུངས་སུ་འགྱུར་སྲིད་དེ།  ཐུར་མའི་སྟེང་གི་ཚགས་སྒོའི་དུང་འཁྱིལ་སྲིན་འབུ་ཡིས་(幽门螺杆菌)ཕོ་བའི་སྐྲན་ནད་སློང་བའི་ཉེན་ཁ་ལྡབ་2.7~12ཇེ་མཐོར་བཏང་ཡོད།  ཕོ་བའི་སྐྲན་ནད་འཚར་སྐྱེས་ལ་ཕན་བའི་ཆ་རྐྱེན་དག་ཁྱོད་ལ་ག་ཚོད་ཡོད་དམ།

        རྒྱུས་ལོན་བྱུང་པར།  ཚགས་སྒོའི་དུང་འཁྱིལ་སྲིན་འབུ་དང་ཟ་འཐུང་གི་གོམས་སྲོལ་མི་ལེགས་པ།  མཁྲིས་ཁུ་ཕྱིར་བཞུར་བ།  སྨན་རིགས།  དུས་ཡུན་རིང་པོར་སེམས་འཚབ་པ་སོགས་རྒྱུ་རྐྱེན་འདི་དག་གིས་ཕོ་བའི་འབྱར་སྐྱི་ལ་གནོད་འཚེ་ཐེབས་ཏེ། དལ་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད་དང་འཇུ་བྱེད་རང་བཞིན་གྱི་རལ་ཟགས་འབྱུང་ལ།སྐབས་འདིར་སྤྱིར་བཏང་དུ་བཟང་པོའི་རིགས་ཡིན་པ་སྟེ།གསུས་པ་སྦོས་པ་དང་གྲོད་པ་གཟེར་བ།སྙིང་འཚིག་པ།སྐྱུག་བྲོ་བ་སོགས་ཀྱི་ནད་རྟགས་འབྱུང་།

        ཉིན་རྒྱུན་དུས་ཚོད་ལྟར་ཟ་འཐུང་བྱེད་པ་དང་སྤྱི་སྤྱོད་ཐུར་མ་བཀོལ་བ།  སྨན་པའི་ཁ་ལ་ཉན་ཏེ་ཡུའུ་མིན་ལའོ་ཀན་འབུ་ཕྲ་སེལ་ཐབས་བྱས་ན། ད་གཟོད་ཕོ་བའི་འབྱར་སྐྱི་ལ་གཉན་ཚད་རྒྱས་པའང་རལ་ཟགས་མི་འབྱུང་ལ།  དུ་ཆང་དང་རིང་དུ་གྱེས་ཏེ་སིལ་ཏོག་དང་སྔོ་ཚལ་རིགས་མང་དུ་ཟ་བ་དང་།  རླངས་བཙོས་ཀྱིས་སྣུམ་བསྲེག་རིགས་ཀྱི་ཚབས་བྱེད་པ་ནི་བདེ་ཐང་གི་གཞི་མ་ཡིན་ནོ།།

        ཕོ་བའི་སྐྲན་ནད་ལ་འཕྲད་པའི་ཉེན་ཆེའི་མི་ཚོགས་དག་ཀྱང་འཚབ་མི་དགོས་ཏེ། ཕོ་ཤེལ་བརྟག་དཔྱད་བྱས་ན་ཕོ་བའི་འབྱར་སྐྱི་ཡི་ནད་འགྱུར་སྔ་མོ་ནས་ཚོར་ཐུབ།ལོ40ཡན་ཆད་ལ་རལ་ཟགས་དང་ཤ་གཟུགས།ཕོ་ཚད་སོགས་ཕོ་བའི་ལོ་རྒྱུས་ཡོད་ལ།ཡུའུ་མིན་ལའོ་ཀན་འབུ་ཕྲ་འགོས་པ་དང་།ཁྱིམ་རྒྱུད་དུ་ཕོ་བའི་སྐྲན་ནད་ཀྱི་ལོ་རྒྱུས་ཡོད་པ་ཡིས་ལོ1-2བར་དུ་ཕོ་ཤེལ་ཐེངས་གཅིག་ལ་བརྟག་དགོས།ཚད་འབྲིང་ཙམ་དང་ཡང་བའི་རྙིད་འཁུམ་དང་རྒྱུ་འགྲོགས་སྐྱེས་མཁན་གྱིས་ཟླ་6-12ཀྱི་ནང་དུ་ཕོ་ཤེལ་ཐེངས་གཅིག་ལ་བརྟག་དཔྱད་བྱ་དགོས།

        ཕོ་བར་སྐྱུར་ལོངས་པ་དང་སྙིང་འཚིག་པ་སོགས་ནད་རྟགས་གློ་རྒྱག་ལ་ཇེ་ལེགས་སུ་སོང་བ་དང་།  རྒྱུ་རྐྱེན་མི་ཤེས་པར་ཁྲག་སྐྱུག་པ། ལུས་ཕུང་མགྱོགས་པོར་སྐམ་རུད་དུ་གྱུར་བ།  ཆབ་ཆེན་ནག་པོར་གྱུར་བ་སོགས་གནས་ཚུལ་བྱུང་ཚེ་མགྱོགས་པོར་ཕོ་ཤེལ་བརྟག་དཔྱད་བྱ་དགོས།