རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཡུན་ནན་ནི་བེ་ཤ་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་བདེ་ཆེན་སེམམ་ཀྱི་ཉི་ཟླའི་བེ་ཤ་ཐོན་ཚད་ཀྱིས་ཡུན་ནན་ཐོན་འབབ་ཀྱི་65%ཡན་བཟུང་ཡོད། ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད་བེ་ཤ་ཐོན་ལས་དེ་བདེ་ཆེན་ཁུལ་གྱི་ཁྱད་ཆོས་ཆེ་ཤོས་ལྡན་པའི་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་པ་དང་བེ་ཤ་ནི་དཔལ་འབྱོར་གྱི་ཡོང་ཁུངས་གལ་ཆེན་ཞིག་ཡིན་ལ་“བེ་ཤ་འཐུ་བའི་དུས་ཚིགས་”ཀྱང་བདེ་ཆེན་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་དུས་ཚིགས་ཡག་ཤོས་ཤིག་ཏུ་གྱུར་ཡོད།
སེམས་ཀྱི་ཉི་ཟླའི་བེ་ཤ་གླིང་ཁུལ་དུ་ཉིན་ལྟར་བེ་ཤ་སོས་པ་གྲོང་ཚོ་ཁག་ནས་གཅིག་སྡུད་བྱས་ཏེ་དེ་ནས་རྒྱལ་ཡོངས་སུ་བསྐུར་རྒྱུ་ཡོད། འདེམས་སྒྲུག་དང་། རིམ་པ་དབྱེ་བ། ཞིབ་དཔྱད་ཚད་ལེན། སྒམ་ནང་འཇུག་པ་བཅས་བྱེད། སེམས་ཀྱི་ཉི་ཟླའི་ཝེ་ཧྥུ་ཞན་བེ་ཤ་སྡེབ་ཚོང་པུའི་བཟོ་པ་ཚོས་བེ་ཤ་ཐོག་མར་ལས་སྣོན་དང་སྐྱེལ་འདྲེན་བྱེད་པར་བྲེལ་བཞིན་ཡོད། ད་ལོ་བེ་ཤའི་སྤུས་ཚད་ཡག་པོ་ཡོད་པ་ལ་རྗེས་མཐུད་ཐོན་ཚད་ཀྱང་མང་དུ་འགྲོ་རྒྱུ་རེད།
མིག་སྔར་བེ་ཤའི་རིན་གོང་སྤྱི་རྒྱ་གཅིག་ལ་སྒོར་1800ཡས་མས་ཡིན་པ་དང་ང་ཚོའི་ཕྱིར་ཚོང་བྱེད་ཚད་ཉིན་རེར་100ཡས་མས་ཡིན་ཏེ་གཙོ་བོ་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཀྱི་ཡོད”ཝེ་ཧྥུ་ཞན་བེ་ཤ་སྡེབ་ཚོང་པུའི་འགན་འཁུར་བ་ལི་ཝེ་ཧྥུ་ཡིས་དེ་ལྟར་བཤད་པ་རེད།“བདེ་ཆེན་ཁུལ་དང་ཧྲུན་ཧྥུང་དབར་‘བེ་ཤ་ལས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་པའི་’འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་ནས་བེ་ཤ་ཐོན་ཁུལ་ནས་གསོལ་ལྕོག་བར་གྱི་མཁའ་ཐོག་སྐྱེལ་འདྲེན་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ཏེ་བདེ་ཆེན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་འཕུར་མཆོང་གི་གཤོག་ཟུང་ཐོགས་ཡོད། བེ་ཤ་དེ་བས་ལེགས་པ་དང་དེ་བས་མགྱོགས་པའི་སྒོ་ནས་ཕྱིར་ཚོང་བྱས་ཏེ་བེ་ཤ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ང་ཚོར་ཡིད་ཆེས་ཡོད་”ཅེས་བཤད།